གོ་འཇོ་རྫོང་གིས་2014ལོ་འཁོར་གྱི་རྩྭ་འདེབས་ཁ་གསབ་བྱ་དགའ་སྤྲད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-17 10:01:10

ཉེ་ཆར། གོ་འཇོ་རྫོང་གིས་2014ལོའི་ལོ་འཁོར་གྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་དངུལ(གཟན་རྩྭ་དང་སོན་བཟང་ཁ་གསབ་དང་འབྲོག་དུད་ཀྱི་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ)ཁྱོན་སྒོར་ཁྲི་65.05སྤྲད་པ་རེད། དེའི་ནང་གཟན་རྩྭ་དང་སོན་བཟང་ཁ་གསབ་ཐད་2014ལོའི་ལོ་འཁོར་གྱི་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་1.8འདེབས་རྒྱུའི་ལས་འགན་དང་མུའུ་རེའི་ཁ་གསབ་སྒོར་10སྤྲོད་རྒྱུའི་ཚད་གཞི་མུ་མཐུད་ལག་ལེན་བསྟར་ཏེ་དངུལ་སྨར་གྱི་ཐོག་ནས་དུད་ཚང་ལ་ཐད་ཀར་ཁ་གསབ་བྱས་ཏེ་ཁ་གསབ་མ་དངུལ་སྒོར་ཁྲི་18སྤྲད་པ་རེད། འབྲོག་དུད་ཀྱི་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་ཐད་འབྲོག་དུད་941ལ་མུ་མཐུད་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སྤྲད་པ་དང་ཚད་གཞི་ནི་དུད་ཚང་རེར་ལོར་སྒོར་500ཡིན་པ་དེ་དངུལ་སྨར་གྱི་ཐོག་ནས་དུད་ཚང་ལ་ཐད་ཀར་ཁ་གསབ་སྤྲད་དེ་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་47.05སྤྲད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།