གོ་འཇོ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

གོ་འཇོ་རྫོང་མཚོ་བོད་ས་མཐོའི་ཤར་ལྷོ་དང་། གདང་ལ་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་འདབས་དང་འབྲི་ཆུའི་བྱང་ངོགས་སུ་གནས་ཡོད།

ཤར་སི་ཁྲོན་དཔལ་ཡུལ་དང་འབའ་ཐང་རྫོང་གཉིས་གཙང་པོ་གཅིག་གིས་ཆོད་པ་དང་། ལྷོ་སྨར་ཁམས་རྫོང་དང་འབྲེལ་བ། ནུབ་བྲག་གཡབ་དང་ཆབ་མདོ་རྫོང་གཉིས་དང་འབྲེལ་བ།

བྱང་འཇོ་མདའ་རྫོང་དང་ཁྲོན་བོད་གཞུང་ལམ(རྒྱལ་ལམ་317)གྱི་སྤྱི་ལེ་79དང་འབྲེལ་ཡོད།ནུབ་ནས་ཆབ་མདོ་བར་སྤྱི་ལེ་254དང་ལྷ་ས་བར་སྤྱི་ལེ་1374ཡོད།

ཤར་ནས་འབྲི་ཆུ་སྒྲོལ་ཏེ་དར་མདོ་བརྒྱུད་ཁྲེང་ཏུའུ་བར་སྤྱི་ལེ་1196ཡོད། རྫོང་མི་དམངས་སྲིད་གཞུང་འབོ་ལོ་གྲོང་རྡལ་དུ་གནས་ཡོད།

གོ་འཇོ་རྫོང་ཁོངས་སུ་གྲོང་རྡལ་1དང་། ཤང་11 སྲིད་འཛིན་གྲོང་ཚོ་160བཅས་ཡོད།

2003ལོའི་ལོ་མཇུག་བར་གོ་འཇོ་རྫོང་གི་སྤྱིའི་མི་འབོར་42809ཟིན་པ་དེའི་ནང་ཞིང་ལས་མིན་པའི་མི་འབོར་1664ཡོད་པ་དེས་3.89%བཟུང་བ་དང་། ཞིང་ལས་དུད་ཚང་4971དང་མི་33970ཡོད་པ།

འབྲོག་ལས་དུད་ཚང་1053དང་མི་7175ཡོད། སྤྱིའི་མི་འབོར་ནང་བོད་རིགས་ཀྱིས་བསྡུར་གྲངས་ཆེ་ཙམ་བཟུང་བ་དང་། རྒྱ་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གིས་བསྡུར་གྲངས་ཉུང་ཙམ་བཟུང་ཡོད།

གོ་འཇོ་རྫོང་འཕྲེད་རྒྱུག་རི་རྒྱུད་ཀྱི“གཙང་གསུམ་རྒྱུག་ཁུལ”གྱི་ལྟེ་བའི་ཁུལ་དུ་གནས་པས་གཏེར་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། མངའ་ཁོངས་ནང་སྲོག་ཆགས་རིགས་ཧ་ཅང་མང་པོ་ཡོད་ཅིང་།

རི་དྭགས་རིགས་རྣམ་གྲངས་5དང་། སྡེ་ཚན་12 རིགས་35བཅས་ཡོད་པ་དང་། འདབ་ཆགས་རིགས་རྣམ་གྲངས་14དང་། སྡེ་ཚན་14 རིགས་37བཅས་ཡོད་པ། གོག་བགྲོད་སྲོག་ཆགས་རིགས་རྣམ་གྲངས་2དང་། སྡེ་ཚན་3

རིགས་4བཅས་ཡོད། རྩ་ཆེའི་སྲོག་ཆགས་རིགས་སྡེ་ཚན་1དང་རིགས་1ཡོད་པ་མ་ཟད། ད་དུང་ཉ་རིགས་རྣམ་གྲངས་2དང་། སྡེ་ཚན་5 རིགས་10བཅས་ཡོད་པ་དང་རིགས་དང་ཁྱུ་ཚོགས་རྙོག་འཛིང་ཆེན་པོ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།