སྟེང་ཆེན་རྫོང་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-11 11:24:40

2014ལོར་སྟེང་ཆེན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཚན་གྱིས་རྫོང་ཨུད་རྩ་འཛུགས་པུའུ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ཤང་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གི་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ཐད་མངོན་ཞིབ་ལྐོག་བཤེར་ཐེངས་12བྱས་ཏེ་ལས་བྱེད་པའི་སྡོད་བྱ་དང་། གཞུང་འཁོར་སྒེར་སྤྱོད། གཞུང་དོན་སྣེ་ལེན་བྱེད་ཚུལ་བཅས་ལ་ས་ཆ་དངོས་སུ་ལྟ་ཞིབ་དང་། འཕྲལ་བཤེར། རྩིས་ཁྲ་ལྟ་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ཚན་པ་12དང་ལས་བྱེད་ལས་བཟོ་32ལ་མིང་བཏོན་བརྡ་ཁྱབ་གཏོང་བ་དང་སྒྲིག་ཁྲིམས་ལས་འགལ་བའི་ལས་བྱེད་པ་21ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།