སྟེང་ཆེན་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

སྟེང་ཆེན་རྫོང་དེ་བོད་ཀྱི་བྱང་ཤར་རྒྱུད་དང་ཆབ་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཤིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་11562ཟིན་ཞིང་། ཤར་རི་བོ་ཆེ་རྫོང་དང་། ནུབ་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་དང་སོག་རྫོང་།

ལྷོ་རུ་ལྷོ་རོང་དང་དཔལ་འབར་རྫོང་། བྱང་མཚོ་སྔོན་ཞིང་ཆེན་གྱི་རྫ་སྟོད་དང་ནང་ཆེན་རྫོང་བཅས་དང་སྦྲེལ་ཡོད།  རྫོང་མི་དམངས་སྲིད་གཞུང་སྟེང་ཆེན་གྲོང་རྡལ་དུ་གནས་ཡོད།

སྟེང་ཆེན་རྫོང་ཁོངས་སུ་གྲོང་རྡལ་2དང་། ཤང་11(དེའི་ནང་འབྲོག་ལས་རྐྱང་པའི་ཤང་5ཡིན་པ) སྲིད་འཛིན་གྲོང་ཚོ་65བཅས་ཡོད།

2000ལོའི་ཐེངས་ལྔ་པའི་མི་འབོར་ཡོངས་བཤེར་གྱི་གྲངས་གཞིར་གཞིགས་ན།  རྫོང་དེར་མི་འབོར་60586ཡོད།

སྟེང་ཆེན་རྫོང་དུ་ནས་དང་། གྲོ། སྲན་རིགས་སྣ་ཚོགས་ཐོན་གྱི་ཡོད། འབྲོག་ཁུལ་དུ་འབྲོག་ལས་དར་ཆེ་ཞིང་། དེའི་ནང་འབྲི་གཡག་དང་བ་གླང་སོགས་ཕྱུགས་རིགས་ཡོད།

རྩི་ཤིང་སྣ་ཁ་1000ལྷག་ཙམ་ཡོད་པ་དེའི་ནང་མང་ཆེ་བ་ནི་སྨན་རྒྱུ་ཡིན་པ་དང་། ཆ་ཤས་ནི་སྨན་རྒྱུ་རྩ་ཆེན་ཡིན་ཞིང་། གཏེར་རྫས་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།