སྟེང་ཆེན་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

སྟེང་ཆེན་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་འཛིན་ནས་རྒྱུན་ཆད་མེད་པར་གྲོང་ཚོ་རིམ་པའི་ཏང་རྩ་འཛུཌ་འཛུཌ་སྐྱོང་འདུ་འགོད་བྱེད་སྒོའི་གཞི་རྟེན་ལ་ཤུཌ་སྣོན་དང་གསར་གཏོད་བྱེད་པ་དང“དམངས་ཆེད་དང་།དོན་གཉེར།སྤྱོད་གཙང”བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་གཞི་རིམ་གྱི་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

རྒྱུན་ཆད་མེད་པར་དམངས་དོན་དུ་བྱ་བ་སྒྲུབ་པའི་འདུ་ཤེས་ཟབ་ཏུ་བཏང་ཞིང་།སྟེང་ཆེན་རྫོང་གིས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་དུ་ཏང་ཡོན་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་གྲོང་ཚོར(གྲོང་ལྷན)འདེམས་གཏོང་བྱས་པའི་ཏང་ཀྲི་པུའི་ཧྲུའུ་ཅིར་སློབ་གསོ་གསོ་སྦྱོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་།རང་ངོས་ཀྱི་བྱང་ཚད།དམངས་ཆེད་འདུ་ཤེས།ཞིང་སྐྱོར་ཞིང་ཕན་གྱི་ཤེས་བྱ།གཞི་རིམ་གྱི་ལས་ཀའི་ཉམས་མྱོང་སོགས་ཐད་ཀྱི་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།མིག་སྔའི་བར་སྟེང་ཆེན་རྫོང་ཨུད་ཏང་གི་སློབ་གྲྭ་དང་།རྫོང་འཕེལ་སྒྱུར་ཨུ་ལྷན།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།ཆུ་བེད་ཅུས།ཞིང་འབྲོག་ཅུས།དམངས་སྲིད་ཅུས་སོགས་སྡེ་ཚན་གྱིས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིར་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་8གཉེར་ཞིང་།རྫོང་དེ་ཡོངས་ཀྱི་གྲོང་ཚོར(གྲོང་ལྷན)འདེམས་གཏོང་བྱས་པའི་ཏང་ཀྲི་པུའི་ཧྲུའུ་ཅིས་དམངས་ལ་ཞབས་འདེགས་ཞུ་བའི་ཐད་གནས་པའི་གནད་དོན་ཁག་136བཙལ་བཤེར་བྱས་པ་དང་གནད་དོན་ཁག་129བཅོས་སྒྲིག་དོན་འཁྱོལ་བྱས་པ་མ་ཟད།དུས་བཀག་ཉིན་བདུན་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།

དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་།སྟེང་ཆེན་རྫོང་གིས《གཞུང་ལས་པའི་བཅའ་ཁྲིམས》དང《གཞུང་ལས་པའི་ལས་རྗེས་དཔྱད་དཔོག་གི་གནས་སྐབས་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས“གཞི་རིམ་དུ་འཚར་ལོངས་ཡོང་བ་བྱེད་པ་དང་གཞི་རིམ་དུ་སྦྱོང་བརྡར་ཐེབས་པ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་དམངས་ལ་བྱ་བ་བཟང་པོ་སྒྲུབ་རྒྱུ་དང་།བྱ་བ་དངོས་སྒྲུབ་རྒྱུ།དཀའ་གནད་ཐག་གཅོད་བྱ་རྒྱུ་བཅས་ལས་རྗེས་དཔྱད་དཔོག་གི་ནང་དོན་དུ་བཅུག་ཐོག་དཔྱད་ཞིབ་ནན་པོ་བྱེད་པ་དང་སྐར་གྲངས་ཞིབ་ཕྲ་རྒྱག་པའི་ལམ་ལུགས་ལག་ལེན་བསྟར་བ་དང་མང་ཚོགས་ཚོས་ལྟ་སྐུལ་བྱེད་པ་དང་ཤང(གྲོང་རྡལ)གིས་དོ་དམ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་བརྟན་ལྷིང་ཡོང་བ་དང་།དཔལ་འབྱོར་གོང་འཕེལ་ལ་མཐོང་ཆེན་བྱེད་པ།འཕེལ་རྒྱས་ཧུར་ཐག་གཏོང་བ།དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་གྲོང་ཚོར(གྲོང་ལྷན)འདེམས་གཏོང་བྱས་པའི་ཏང་ཀྲི་པུའི་ཧྲུའུ་ཅིས་འགན་འཁྲི་གཙང་སྒྲུབ་དང་རང་ནུས་ཡོད་རྒུ་འདོན་སྤེལ་གྱིས་དམངས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།