ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཀྱི་དངོས་ཚན་ཚོང་ཁང་དང་པོ་ཁྲུང་ཆིང་དུ་བཙུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-08-12 09:24:40

ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་ཀྱི་དངོས་ཚན་ཚོང་ཁང་དང་པོ་ཁྲུང་ཆིང་གྲོང་ཁྱེར་པ་ཡུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་སུ་བཙུགས་ཤིང་། དངོས་ཚན་ཚོང་ཁང་དེས་བྲིན་ཚོང་བྱེད་པའི་ཐོན་རྫས་གཙོ་བོ་ཁ་རུབ་ཆུས་ཀྱི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་དང་སྤོས་དང་དེ་བཞིན་ཤ་མོ་ཀྲང་ཙི་དང་། སྟེང་ཆེན་གྱི་རྡོ་མཉན། འཇོ་མདའི་ཤིང་བརྐོས་དང་དེ་བཞིན་ནས་ཆང་། སྨར་ཁམས་ཀྱི་བེ་ཤ་དང་ཆུ་ཤ དེ་བཞིན་བདག་དམར་གཡང་གི་རྒུན་ཆང་། དཔའ་ཤོད་ཀྱི་བྲ་ཆང་། ལྷོ་རོང་ལྷོ་རྫོང་གི་ཐོན་རྫསསྣ་ཚོགས། རི་བོ་ཆེའི་ཚགས་ཤ ཁ་རུབ་ཀྱི་གནས་ཆུ། དཔལ་འབར་གྱི་བེ་སྨུག འགོ་འཇོའི་གྲོ་མ་སོགས་ཞིང་འབྲོག་ཐོན་རྫས་སྣ་ཁ་40ཙམ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།