ཆབ་མདོས་ལོ་སྟོད་དུ་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན་4ཞིབ་བཤེར་ཐག་གཅོད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-08-05 17:08:33

ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཅུས་ཀྱིས་འདི་ལོ་ནས་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་བརྒལ་བའི་གནད་དོན་མངོན་བཤེར་ལྐོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མྱུར་བཤེར་མྱུར་ཞིབ་མཐའ་འཁྱོངས་བྱས་པ་དང་། ལྷག་པར་དུ་ཡ་མེད་སྒྲིག་འགལ་གྱིས་གཞུང་འཁོར་སྒེར་སྤྱོད་གནད་དོན་ཐོན་རིམ་བཞིན་ཐག་གཅོད་བྱས་ནས་སྙིང་རྗེ་དང་བཟོད་སྒོམ་སྤུ་ཙམ་མི་བྱེད་པར་གཞུང་འཁོར་སྒེར་སྤྱོད་ཀྱི་སྤྱོད་ཚུལ་ངན་པ་བཅོས་སྒྲིག་བྱས་པ་རེད།

ཟླ་དང་པོ་ནས་ཟླ་དྲུག་པ་བར་ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་ལྟ་ཞིབ་ཚོགས་ཆུང་ཐེངས་74སྒྲིག་འཛུགས་བྱས་ནས་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ལས་ཁུངས་ལ་ཆེད་དོན་ཞིབ་བཤེར་བྱས་པས་གཞུང་འཁོར་སྒེར་སྤྱོད་ཀྱི་དོགས་་གཞི་ཡོད་པའི་ཁུངས་སྣེ་40རྙེད་པ་དེ་དུས་མཚུངས་ལས་67.5%འཕར་ཡོད།

ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཅུས་ཀྱིས་ལོ་སྟོད་དུ་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན་4ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་མི་3ལ་ཏང་སྲིད་སྒྲིག་ཁྲིམས་ཆད་པ་བཅད་པ་དང་མི་6ལ་རྩ་འཛུགས་ཀྱི་ཐག་གཅོད་བྱས་པ་རེད། མིག་སྔར་ཟླ་5པའི་རིང་གཅིག་སྡུད་བཅོས་སྒྲིག་བྱས་ནས་ཤེས་རྟོགས་ཐུབ་པའི་འབྲེལ་ཡོད་མི་21གི་གཞུང་འཁོར་སྒེར་སྤྱོད་ཀྱི་གནད་དོན་9ལ་འདྲི་གཅོད་བྱས་ཏེ་ད་ལྟ་སོ་སོར་ཐག་གཅོད་ཀྱི་བསམ་འཆར་བཏོན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།