ཁག་གཉིས་པའི་ས་ངན་ཁུལ་གྱི་གནས་སྤོས་དབུལ་སྐྱོར་དུད་ཚང་45ལྷ་སའི་ཁང་པ་གསར་པར་སྤོས་པ།

བོད་ལྗོངས་་ཉིན་རེའི་ཚགས་པར།

| 2018-10-18 15:48:02

QQ截图20181015153311.png

འདི་ནི་ས་ངན་ཁུལ་གྱི་གནས་སྤོས་དབུལ་སྐྱོར་དུད་ཚང་45ཡི་མང་ཚོགས་206ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གནས་སྤོས་ས་ཚིགས་ཡིན་པའི་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་སྤོ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་10ཚེས་12ཉིན། ཆབ་མདོ་གྲོང་ཁྱེར་ས་ངན་ཁུལ་གྱི་གནས་སྤོས་དབུལ་སྐྱོར་དུད་ཚང་45ཡི་མང་ཚོགས་206ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གནས་སྤོས་ས་ཚིགས་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་སྤོས་པ་རེད། འདི་ནི་ས་ངན་ཁུལ་གྱི་ཁག་གཉིས་པའི་གནས་སྤོས་དབུལ་སྐྱོར་དུད་ཚང་ཡིན་པ་རེད།

འདི་ལོ་ལོ་56ལ་སླེབས་པའི་རིག་འཛིན་ནི་ད་ཐེངས་གནས་སྤོས་དབུལ་སྐྱོར་དུད་ཚང་གི་གྲས་ཤིག་ཡིན་ཞིང་། ཁོང་གི་ནང་མི་6རང་མོས་ངང་གོ་འཇོ་རྫོང་བྱང་གསུམ་ཤང་ནས་ལྷ་ས་གྲོང་ཁྱེར་དུ་སྤོས་པ་རེད། རིག་འཛིན་ཁྱིམ་ཚང་གིས་རྒྱན་བསྒྲུགས་རྗེས་སྨི་ངོས་གྲུ་156ཡོད་པའི་ཁང་པ་ཆེན་པོ་ཞིག་རག

གསར་འགོད་པ་རིག་འཛིན་གྱི་ཁྱིམ་དུ་སྐྱོད་སྐབས་སྲིད་གཞུང་གིས་ཉོས་པའི་གོས་འཁྲུའི་འཕྲུལ་ཆས་དང་། བརྙན་འཕྲིན། འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་དང་སྒྲོག་ཙེ་དང་། ཆ་སྒམ། ཉལ་ཁྲི་སོགས་འཚོ་བའི་ཡོ་བྱད་གང་དགོས་ཆ་ཚང་འཛོམས་ཡོད་པ་མཐོང་བྱུང་། རིག་འཛིན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར“ཡག་མོ་དགའ། སྲིད་གཞུང་གིས་ང་ཚོ་གནས་སྤོས་མང་ཚོགས་ལ་དགོངས་པ་ཟབ་མོ་བཞེས་འདུག་པས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱིས་སུ་ང་ཚོ་གྲོང་ཁྱེར་གྱི་འཚོ་བར་གོམས་ངེས་ཡིན་ལ་འབྱུང་འགྱུར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ངེས་པའི་ཡིད་ཆེས་ཡོད”ཅེས་བཤད།

བདེ་སྐྱིད་ཁང་གསར་ཁུལ་ཆུང་གི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་པར། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་ད་ཐེངས་གནས་སྤོས་དུད་ཚང་གི་བུ་ཕྲུག་སློབ་གྲྭར་བསྐྱོད་རྒྱུ་དང་། ལས་ཞུགས་ལས་གནས་སོགས་ཀྱི་གནས་ཚུལ་ཐག་གཅོད་བྱེད་རོགས་བྱས་པ་དང་ནུས་ཤུགས་ཡོད་རྒུས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་གང་ཐུབ་བྱས་ནས་ཁོང་ཚོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་པ། ཕྱུག་པོ་ཆགས་པ་བཅས་བྱ་རྒྱུ་ཡིན།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།