གུང་ཁྲན་ཏང་གིས་ང་ལ་ཚེ་སྲོག་གསར་པ་སྦྱིན་བྱུང་།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-08-09 11:14:45

QQ截图20180809105529.png

འདི་ནི་གངས་ལ་སྐར་མདའི་ནང་མི་མཉམ་འཛོམས་ཀྱི་པར་ཡིན་པ།

གངས་ལ་སྐར་མདའ་ནི་ཆབ་མདོ་གྲོང་ཁྱེར་རབ་ཅན་ཤང་ནས་ཡིན་ཞིང་། ཁོ་མོའི་ཨ་མ་ནི་སྔོན་མ་མངའ་བདག་ཁྱིམ་གྱི“ནང་བཟན”ཞིག་རེད། སྐབས་དེར་མི་ལུས་རང་དབང་མེད་པས་ཁོ་མོ་བཙས་ནས་ཡུན་རིང་མ་སོང་བར་ཁོ་མོ་གཅིག་པུར་བཞག་སྟེ་མངའ་བདག་ལ་གཡོག་རྒྱུག་པར་འགྲོ་དགོས་བྱུང་། ཁོ་མོ་ནི་ཡུལ་མི་སྤུན་མཆེད་ཚོས་རེས་མོས་ཀྱིས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་ཞིག་རེད། ལོ་དྲུག་བདུན་ལ་སླེབས་རྗེས་གང་སར་ལྟོ་སློང་བར་ཕྱིན་ནས་འཚོ་བ་འཁྱོལ་ཐབས་བྱས། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཨ་མ་ཁོ་མོའི་སར་ལོག་ཡོང་སྐབས་ཁོ་མོ་ལོ་10ལ་སླེབས་ཡོད།

གཞོན་ནུ་མ་ཞིག་ཏུ་འཚར་ལོངས་བྱུང་རྗེས་གྲོང་ཚོའི་ནང་གི་ཁྱིམ་རྒྱུད“ནང་བཟན”ཡིན་པའི་ཕྲུ་གུ་ཞིག་དང་དགའ་རོགས་བསྒྲིགས་ནས་གཉེན་སྒྲིག་བྱས། ཁོ་མོ་ལས་ལོ་3གྱིས་ཆེ་བའི་ཟླ་བོ་ནི་སློབ་སྦྱོང་ལ་ཧ་ཅང་དགའ་བའི་མི་ཞིག་རེད། ཁོ་པས་རང་ཉིད་ཀྱི་སྦྱངས་བརྩོན་ལ་བརྟེན་ནས་ཤང་གི་དྲུང་ཡིག་བྱས་པ་དང་ཕྱིས་སུ་ཤང་ཀྲང་ལ་བདམས་ཐོན་བྱུང་ཡོད།

གངས་ལ་སྐར་མདའ་ཡི་མིག་ནང་ཟླ་བོ་ནི་ལས་ལ་བཀུར་ཞིང་དཀའ་སྡུག་བཟོད་ཐུབ་མཁན་ཞིག་རེད། ཁོང་ཤང་ཀྲང་བྱེད་མྱོང་བའི་ཤང་ཁ་ཤས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་ཅིང་། འགྲིམ་འགྲུལ་སྟབས་མི་བདེ་བས་ཤང་སྲིད་གཞུང་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་ལའང་ཉིན་ཕྱེད་ཙམ་འགྲོ་དགོས་ཀྱི་ཡོད། ཟླ་བོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རྐང་པ་གཉིས་ལ་བརྟེན་ནས་ཉེ་འཁོར་གྱི་གྲོང་ཚོ་ཚང་མར་གནས་ཚུལ་ཤེས་རྟོགས་བྱེད་པར་འགྲོ་མྱོང་ཡོད། ཟླ་བོ་ཕྱིར་ཐོན་སྐབས་གངས་ལ་སྐར་མདས་སེམས་ཁྲལ་ཆེན་པོས་ཁོ་བོར་རྟག་ཏུ་ངལ་མང་ཙམ་གསོ་རྒྱུའི་དྲན་སྐུལ་བྱས། ཡིན་ཡང་ཟླ་བོས་ཏང་དང་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོས་ཞིང་བྲན་གྱི་ཕྲུ་གུ་ཞིག་ཡིན་པའི་ང་རང་ལས་གནས་གལ་ཆེན་འདི་འདྲ་ཞིག་གི་ཐོག་བཀོད་སྒྲིག་བྱས་ཡོད། དེས་ན་ངས་ལས་ཀ་ཡག་པོ་མ་བྱས་ན་ག་ནས་འགྲིག་ཅེས་བཤད། ཟླ་བོའི་གཏམ་དེ་ཐོས་རྗེས། གངས་ལ་སྐར་མདར་སེམས་ཁྲལ་བྱུང་ལ་སྤོབས་པ་ཞིག་ཀྱང་སྐྱེས། རྗེས་སུ་ཟླ་བོ་ཚེ་ལས་འདས་རུང་། ཁོ་མོ་དང་ཕྲུ་གུ་ཚོར་རིན་ཐང་དཔག་མེད་ཀྱི་བསམ་པའི་རྒྱུ་ནོར་མང་པོ་ཞིག་བཞག་ཡོད། ཕའི་ཤུགས་རྐྱེན་བཟང་པོའི་འོག་བུས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་ད་ཆ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་བཞིན་ཡོད། ད་ཆ་གངས་ལ་སྐར་མདའི་ཁྱིམ་གྱི་ཨ་མ་བྱམས་སེམས་ཆེ་བ་དང་། ཕྲུ་གུ་སྲི་ཞུ་ཆེ་བ། འཚོ་བ་ཕུན་སུམ་ཚོགས་པ་བཅས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།