དུས་རབས་གསར་པའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་གསར་པ། བོད་ལྗོངས་ཀྱི་ནས་རིགས་ཟ་སྟངས་གསར་པས་དབུལ་སྒྲོལ་བྱ་བར་རོགས་འདེགས་བྱེད་པ།

ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་བ།

| 2018-05-23 16:41:15

ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ནས་གླེང་ཚེ་ཁྱོད་ཀྱིས་མཚོ་བོད་ས་མཐོའི་ཞིང་ལས་ས་ཁུལ་གྱི་དར་མོ་ཡུག་གཅིག་ཏུ་འདྲེས་པའི་ལྗང་མྱུག་དེ་དག་དྲན་སྲིད་ཅིང་། བོད་རིགས་མང་ཚོགས་ཀྱིས་དགའ་མོས་བྱེད་པའི་རྩམ་པའང་ཡིད་ལ་འཁོར་སྲིད། ཡང་ན་དྲི་ཞིམ་གྱི་ནས་ཆང་སྔོན་མོའང་དྲན་སློང་བར་བྱེད་ངེས། ཟླ5པའི་ཚེས21 ཉིན། གསར་འགོད་པ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཅར་འདྲིར་བསྐྱོད་སྐབས། བྲོ་བ་མི་འདྲ་བའི་ནས་ཀྱི་ཐོན་རྫས་སྣ་ཚོགས་མཐོང་།

QQ截图20180523162730.png

རི་མོ་འདི་ནི་ཆབ་མདོ་ས་གནས་ཀྱིས་ཐོན་སྐྱེད་བྱས་པའི་ནས་རིགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བོད་ས་མཐོའི་གནམ་གཤིས་གྲང་ཞིང་ནད་འབུའི་གནོད་སྐྱོན་ཅུང་ཉུང་བ་དང་། རྩི་ཤིང་རིགས་ཀྱིས་གྲང་རེག་དང་ཐན་སྐྱོན་ཐེག་ཐུབ་པས་ནས་ཀྱི་སྐྱེ་ཚད་ལ་ཐུན་མོང་མ་ཡིན་པའི་ཁོར་ཡུག་བསྐྲུན་ཡོད། མཐོ་སྒང་སྟེང་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་ནས་འདེབས་འཛུགས་བྱས་ཏེ་སྨན་སྤྱོད་རིན་ཐང་དང་འཚོ་བཅུད་ཀྱི་རིན་ཐང་རྒྱ་ཆེན་པོ་ལྡན། ཀྲུང་ལུགས་གསོ་རིག་གི《 སྔོ་སྨན་རྩ་འགྲེལ》 ནས་བོད་ལུགས་གསོ་རིག་གི་གསུང་རྩོམ་གྲགས་ཅན《 ཤེལ་གོང་ཤེལ་ཕྲེང་》 སོགས་སྲོལ་རྒྱུན་གྱི་གསོ་བ་རིག་པའི་བརྩམས་ཆོས་གྲགས་ཅན་ཁག་ཏུ་ནས་ཀྱི་སྐོར་བཀོད་ཡོད་ཅིང་། ནས་རྒྱ་ཆེར་འདེབས་འཛུགས་བྱས་པ་དེའང་མཚོ་བོད་ས་མཐོ་སྟེང་གི་མིའི་རིགས་རྒྱུད་སྤེལ་དང་འཕེལ་རྒྱས་བྱུང་ཐུབ་པའི་ཆ་རྐྱེན་འགངས་ཆེན་ཞིག་ཡིན།

QQ截图20180523162804.png

རི་མོ་འདི་ནི་ནས་ལེབ་ལས་སྣོན་གྱི་བརྒྱུད་རིམ་ཡིན་ཞིང་། ནས་ལེབ་ཀྱི་བཟོ་རྩལ་དང་། དེའི་ལྕེའི་མྱོང་བ་ནི་གྲོ་ཞིབ་དང་འདྲ་མོད། འོན་ཀྱང་དེར་དམིགས་བསལ་གྱི་བྲོ་བ་ལྡན།

དེང་སྐབས། “ བོད་ཤར་གྱི་མུ་ཏིག” ཞེས་སུ་གྲགས་པའི་བོད་ལྗོངས་ཆབ་མདོའི་ནས་ཀྱི་ཐོན་སྐྱེད་ཀྱང “དུས་རབས་གསར་པའི”ནང་དུ་བསྐྱོད་ཅིང་། ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་ཀུང་སི་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་ནས་ཀྱི་ཐོན་ལས་ཅན་གྱི་སྲིད་ཇུས་དང་བྱེད་ཐབས་ཀྱི་འབོད་སྐུལ་གཏོང་བ་དང་། ཁེ་ལས་ཀྱིས་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་སྐུལ་འདེད་བྱ་ཆེད། 2015 ལོར་རང་ཀུང་སིའི་ལྷོ་ནུབ་སློབ་ཆེན་དང་། ཁྲུང་ཆིང་སློབ་ཆེན། དམག་ཁོངས་སྨན་པའི་སློབ་ཆེན་གསུམ་པའི་སྟོབས་ཆེ་བའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་དངོས་ཤུགས་ལ་གཞི་བཅོལ་ཏེ། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཏུན་ཁྲི་10 ཅན་གྱི་ནས་རིགས་ལས་སྣོན་ཞིབ་ཚགས་ཐོན་ལས་ཅན་གྱི་བཟོ་སྐྲུན་རྣམ་གྲངས་ལ་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་ཏེ། ནས་ཚབ་མཚོན་བྱས་པའི་བོད་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང་བཅས་ཐོན་ལས་སྟར་ཕྲེང་ཅན་གསར་སྤེལ་བྱས། ཞིབ་འཇུག་བྱས་པ་བརྒྱུད། མྱུར་ཞུའི་ནས་ལེབ་དང་། ནས་འབྲས། ནས་རིགས་སྲོ་སྐམ་ཕྱེ་མ་དང་། ནས་ཐུག་སྐམ་ཆུན། ཕྱེ་འཁྱགས་སོགས་ཀྱི་ཐོན་རྫས་གསར་འབྱེད་བྱས་ཏེ། ནས་ཀྱིས “རྒྱུ་མ་སྦྱོང་བ་དང་། མེ་དྲོད་དང་། མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བ། རིམས་ཐར་ནུས་པ་ཇེ་མཐོར་གཏོང་བ”སོགས་ཀྱི་ཕན་ནུས་ཀྱི་གྲུབ་ཆ་ཆེས་ཆེར་བཏང་། མིག་སྔར། ཀུང་སི་དེས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཐའེ་ཡོན། པེ་ཅིན། ཧྲང་ཧའེ། ཀོང་ཀྲོའུ་སོགས་གཙོ་བྱས་པའི་ཕྱིར་འཚོང་དྲ་རྒྱ་བཙུགས་ཟིན་ཞིང་། ཐོན་རྫས་རྒྱལ་ཡོངས་ཀྱི་ཚོང་རར་ཁྱབ་པར་བྱས། 2016 ལོར་ཀུང་སི་འདིར་རང་གཉེར་ཕྱིར་གཏོང་གི་ཆོག་འཐུས་ཐོབ་སྟེ་ཐོན་རྫས་བདེ་ལེགས་ངང་ཞང་ཀང་དང་། ཨའོ་མོན་སོགས་ཀྱི་ཚོང་རྭར་བསྐྱོད།

QQ截图20180523162830.png

རི་མོ་འདི་ནི་ལས་སྣོན་བྱས་ཟིན་པའི་ནས་ལེབ་རེད།

ནས་ཀྱི་ལས་སྣོན་རྣམ་གྲངས་འདིས་ས་གནས་དེ་གར་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་ཕན་ནུས་འཁྱེར་ཡོང་ཞིང་། རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་ལག་བསྟར་བྱས་ཚད་དེ་ལོ་རེར་ནས་རིགས་ཏུན100000ལྷག་ལས་སྣོན་ཐུབ་པ་དང་། དེས་མ་བཅོས་རྒྱུ་ཆ་ཐོན་ཁུལ་རྟེན་གནས་ཀྱི་ཞིང་འབྲོག་མི་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི5500 ཡན་ཡོང་བ་དང་། འདེབས་འཛུགས་རྟེན་གཞི་དུད་ཁྱིམ30000ཡན་གྱི་དབུལ་ཕོངས་དུད་ཚང་གི་ཡོང་འབབ་ཇེ་མང་དུ་འགྲོ་བར་སྐུལ་ཁྲིད་བྱེད་ཐུབ་པར་མ་ཟད། ལས་གནས་450 ལྷག་ཙམ་མཁོ་སྤྲོད་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་ཀྱི་མི་གྲངས300ཡན་ཐག་གཅོད་བྱེད་ཀྱི་ཡོད། ཐོན་ལས་སྦྲེལ་ཐག་གི་སྐུལ་ཁྲིད་བརྒྱུད་དེ་ས་གནས་དེ་གའི་མང་ཚོགས་ཀྱི“ རང་བརྟེན” དབུལ་སྒྲོལ་གྱི་ནུས་པ་ཆེ་རུ་བཏང་ངོ་། །

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།