མངའ་རིས་དུང་དཀར་ཕྱི་དབང་གནའ་ཤུལ་གྱི་ཉམས་གསོའི་ལས་གྲྭ་བདེ་བླག་ངང་རྩིས་ལེན་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་ཆར་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་དུང་དཀར་ཕྱི་དབང་གནའ་ཤུལ་གྱི་ཉམས་བཟོའི་ལས་གྲྭ་རང་སྐྱོང་ལྗོངས་ཀྱིས་བདེ་བླག་ངང་རྩིས་ལེན་བྱས་པ་རེད།   ཤེས་རྟོགས་བྱུང་བར་གཞིགས་ན།མངའ་རིས་ཀྱི་དུང་དཀར་ཕྱི་དབང་གནའ་ཤུལ་དེ་རྩ་མདའ་རྫོང་གྲོང་གི་ཤར་ཕྱོགས་སུ་སྤྱི་ལེ་40ཡོད་པའི་མཐོ་ལྡིང་གྲོང་རྡལ་དུང་དཀར་གྲོང་ཚོར་ཡོད་པ་དང་དུང་དཀར་བཀྲ་ཤིས་ཆོས་གླིང་དགོན་གྱི་གནའ་ཤུལ་དང་ཕྱི་དབང་བྲག་ཕུག་ལས་གྲུབ་པ་ཞིག་ཡིན།གུ་གེ་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་རྗེས་ཤུལ་དེའི་ནང་ཕུན་སུམ་ཚོགས་ལ་ཁྱད་འཕགས་ཀྱི་བྲག་བརྐོས་ལྡེབས་རིས་སྲུང་ཉར་བྱས་པ་དེ་2013ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་ཁག་བདུན་པའི་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་རེད།དུང་དཀར་བཀྲ་ཤིས་ཆོས་གླིང་དགོན་གྱི་གནའ་ཤུལ་དུ་ད་ལྟ་བྲག་ཕུག་200ལྷག་ཙམ་ཡོད་པ་དང་རིང་ཚད་སྨི་2000ཙམ་ཡོད།ཕྱི་དབང་བྲག་ཕུག་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་གཅིག་ཙམ་ཟིན་པ་དང་དགོན་པ་དང་།མཁར་རྫོང་།བྲག་ཕུག་བཅས་ལས་གྲུབ་ཡོད།

དུང་དཀར་ཕྱི་དབང་གནའ་ཤུལ་ཉམས་གསོའི་ལས་གྲྭ་དེ་རང་སྐྱོང་ལྗོངས་ཀྱིས་འཆར་འགོད་བྱས་པའི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ཉམས་གསོའི་རྣམ་གྲངས་ཤིག་ཡིན་ཞིང་།དེའི་ནང་བྲག་ཕུག་དང་གྱེན་ཟུར་ལ་གཙོ་གནད་ཉམས་གསོ་དང་ཡོ་བསྲང་དང་།ཆུ་འབུད་མ་ལག་བཅོས་སྒྲིགལྗིད་ཐེག་བྲག་དངོས་ཀྱི་སྲུབས་ཁའི་ནང་ཨར་འདམ་བླུགས་ནས་བརྟན་དུ་གཏོང་བ།ཐལ་བྱུག་བྲག་ངོས་ཉམས་གསོ།འགྲོ་ལམ་དང་སྐས་འཛེག་ལ་རྡོ་འདིང་རྒྱུ་སོགས་ཚུད་ཡོད།

“དུང་དཀར་ཕྱི་དབང་གནའ་ཤུལ་ལ་ཞིབ་འཇུག་བྱེད་པའི་རིན་ཐང་དེ་གུ་གེ་རྒྱལ་རབས་ལས་ཆུང་བ་མེད།གནའ་ཤུལ་ནང་གི་བྲག་བརྐོས་ལྡེབས་རིས་ཀྱི་གཞི་ཁྱོན་ཆེན་པོ་དེ་འདྲ་རྒྱལ་ཡོངས་སུ་མཐོང་དཀོན་པ་ཞིག་རེད”མངའ་རིས་ས་ཁུལ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཤིང་གོས“བྲག་བརྐོས་ལྡེབས་རིས་དེའི་ནང་ཡུལ་གཞན་གྱི་མི་སྣ་དང་།པར་རིས།བཟོ་དབྱིབས་བཅས་མང་པོ་བརྐོས་ཡོད་པས་དེའི་སྤུས་ཚད་དེ་ཏུན་ཧོང་གི་ལྡེབས་རིས་དང་བསྡུར་ཆོག་པ་ཞིག་ཡོད”ཅེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།