མངའ་རིས་ས་ཁུལ་ནས་གསའ་ཕྲུག་གཉིས་རྙེད་པ།

བོད་ལྗོངས་འཕྲིན་དྲ།

| 2014-12-18 00:15:18

   10-13.jpgམངའ་རིས་ས་ཁུལ་ནས་རྙེད་པའི་གསའ་ཕྲུག    སྤྱི་ཟླ༩པའི་ཚེས༢༣ཉིན།མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཆུ་གསུམ་ཤང་ཆུ་མོ་ཏི་གྲོང་ཚོའི་འབྲོག་དམངས་རྣམས་རྩྭ་བརྔ་བཞིན་པའི་སྐབས།རྩྭ་གསེབ་ནས་གསའ་ཕྲུག་གཉིས་རྙེད་པ་དང་།དེ་རྗེས་འབྲོག་པ་ཚོས་གསའ་ཕྲུག་དེ་གཉིས་རང་གི་སྦྲ་གུར་ནང་འཁྱེར་ནས་གསོ་སྐྱོང་བྱས་དང་ཆབས་ཅིགས་གནས་དེ་གའི་གོང་རིམ་སྡེ་ཁག་ལ་སྙན་གསེངས་ཞུས་པས་ད་ལྟ་ས་གནས་དེ་གའི་ནགས་ལས་ཚན་པས་གསའ་ཕྲུག་དེ་གཉིས་གསོ་སྐྱོང་བྱེད་པའི་ཐབས་ཤེས་འཚོལ་བཞིན་ཡོད་པ་རེད།    གསའ་གཟིག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན་པ་མ་ཟད།འཛམ་གླིང་ཐོག་རིགས་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་ཤིག་ཀྱང་ཡིན་པས་རྒྱལ་སྤྱིའི་རིགས་གཏོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་བརྒྱབ་ཤ་དམར་པོའི་མིང་ཐོའི་ནང་བཅུག་ཡོད་པ་རེད།།
རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།