རྩྭ་མདའ་རྫོང་གིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཞིབ་བཤེར་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

 ཉེ་དུས་རྩྭ་མདའ་རྫོང་གི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་མི་སྣ་5དང་ཁྲིམས་འཛིན་རླངས་འཁོར་1བཏང་ནས་རྫོང་གྲོང་ཁུལ་གྱི་སྒེར་གཉེར་བཟོ་ཚོང་དུད་ཚང་ཚང་མར་གཅིག་སྡུད་ཐོག་ཞིབ་བཤེར་བྱས་པ་རེད།   ད་ཐེངས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད་དུས་ཚོད་ཡོལ་བ་དང་རུལ་བའི་བཟའ་བཅའ་སྣ་ཁ་19རྩད་ཆོད་པ་དེ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་2140ཟིན་པ་དང་།ཞིབ་བཤེར་ཐག་གཅོད་ཐུབ་པའི་དངོས་ཟོག་གཅིག་གྱུར་ཐོག་མེད་པ་བཟོས་པ་དང་འབྲེལ་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་གནས་པའི་གནད་དོན་ལ་ངག་ཐོག་ནས་མཐའ་ཚིག་སྒྲོག་པའི་སློབ་གསོ་བཏང་བ་མ་ཟད།སྒེར་གཉེར་བཟོ་ཚོང་དུད་ཚང་རང་ངོས་ནས་བཅོས་སྒྲིག་བྱེད་དགོས་པའི་རེ་བ་ཡང་བཏོན་ཡོད་པ་རེད།
རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།