མངའ་རིས་ནོར་བུ་མཚེའུ་ནས་བྲག་བརྐོས་རི་མོ་ཁག་618རྙེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

གསར་འགོད་པས་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན།2013ལོའི་ཟླ་7པར་ཧྲའན་ཤིས་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་གི་ནོར་བུ་མཚེའུ་ས་ཁོངས་སུ་གནའ་རྫས་རྟོག་ཞིབ་ཁྱོན་ཡོངས་ནས་ཐེངས་གཅིག་བྱས་པ་དེ་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱི་2013ལོའི་ལོ་འཁོར་གྱི་བོད་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་རེད།ད་ཐེངས་ཀྱི་བརྟག་ཞིབ་བྱས་པ་བརྒྱུད་བྲག་བརྐོས་རི་མོ་ཁག་618རྙེད་པའི་ནང་ཁག་529ནི་གསར་དུ་རྙེད་པ་ཞིག་ཡིན།བང་སོ་57རྙེད་པའི་ནང་བང་སོ་43ནི་གསར་དུ་རྙེད་པ་ཞིག་ཡིན།ད་དུང་གསར་དུ་རྙེད་པའི་ནང་མཆོད་འབུལ་ས་དོང་24དང་།རྡོ་གཡམ་རི་མོ་ཆེ་གྲས་1 རྡོ་ལས་གྲུབ་པའི་གནའ་ཤུལ་ཁག་4 རྡོ་གྱང་4བཅས་ཡོད།མིག་སྔར་མངའ་རིས་ཀྱི་ནོར་བུ་མཚེའུ་ཡི་རྡོ་བརྐོས་རི་མོར་བརྟག་ཞིབ་བྱས་པ་དེ་2013ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་གསར་རྙེད་ཆེ་གྲས་བཅུའི་མཐའ་མའི་ཞིབ་དཔྱོད་ནང་ཚུད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།