སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2018-02-07 17:00:30

སྤུ་ཧྲེང་རྫོང་ཧོར་ཤང་གིས“མཛེས་པའི་ཧོར་ཡུལ། སྐྱིད་པའི་གྲོང་རྡལ”བསྐྲུན་པའི་བཀོད་སྒྲིག་ལྟར། ཉིན་ཤས་གོང་སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(བོད་ལྗོངས་མི་རིགས་སློབ་གླིང་གིས་མངགས་གཏོང་བྱས)གིས་ཧོར་ཤང་མི་དམངས་སྲིད་གཞུང་དབར་ཁོར་ཡུག་འཕྲོད་བསྟེན་གྱི“འགན་ལེན་གསུམ”གྱི་འགན་འཁྲིའི་ཡི་གེ་བཞག་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད།

ལས་དོན་རུ་ཁག་གིས“ཐབས་གསུམ་མཉམ་སྤྱོད”ལ་བརྟེན་ནས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ་མ་ཟད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་མང་ཚོགས་སྒྲིག་འཛུགས་ཀྱིས་ཉིན་1གི་རིང་འགན་འཁུར་ཡུལ་གྱི་འཕྲོད་བསྟེན་ས་ཁོངས་སུ་གཙང་སེལ་མཐིལ་ཕྱིན་པ་བྱས་ཏེ། གད་སྙིགས་ཕུང་གསོག་ཐེབས་པ་ཁག་10དང་། འཕྲོད་བསྟེན་ཞན་ས་4གཙང་སེལ་བྱས་ཁར། གད་སྙིགས་སྣ་ཚོགས་རླངས་འཁོར་9མེད་པ་བཟོས་ཤིང་། དེ་དང་ཆབས་ཅིག་ཡུལ་མིར་གང་སར་སྤུངས་པའི་ས་ལུད་གཙང་སེལ་བྱ་རྒྱུའི་བླང་བྱ་བཏོན་པ་དང་ཁྲོམ་གཞུང་གི་ཚོང་དུད་ལ་སྒྲིག་འགལ་ངང་གང་སར་བཞག་པའི་གནད་དོན་འཕྲལ་མར་བཅོས་སྒྲིག་བྱ་རྒྱུའི་བཀའ་ཕབ་ཅིང་། “བཅོས་སྒྲིག་བྱེད་ཞོར་དྲིལ་བསྒྲགས་བྱེད་པའི”རྩ་དོན་ལྟར་ལས་དོན་རུ་ཁག་གི་རུ་མིས་མང་ཚོགས་དང་ཚོང་དུད་ལ་ངང་རྒྱུད་རིང་པོའི་སྒོ་ནས་ཤེས་དཔལ་ལ་སྣང་ཆེན་དང་། གཙང་སྦྲར་དགའ་བ། མཉམ་དུ་མཛེས་པའི་ཧོར་ཡུལ་བསྐྲུན་རྒྱུ་བཅས་ཀྱི་ལྟ་ཚུལ་དྲིལ་བསྒྲགས་བྱས་ཏེ། “ཀུན་གྱིས་འཕྲོད་བསྟེན་ལ་སྣང་ཆེན་དང་། ཁྱིམ་ཚང་ཀུན་གྱིས་སྲོལ་གསར་གཏོད་པའི”རྣམ་པ་ཡག་པོ་ཧུར་ཐག་ཆགས་པ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།