སྤུ་ཧྲེང་རྫོང་སྐྱིད་ཐང་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་དུད་ཀྱི་གཞི་རྩའི་ཆ་འཕྲིན་ཐོ་འགོད་དང་ཞིབ་དཔྱད་ལེགས་སྒྲུབ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་ཆར་སྤུ་ཧྲེང་རྫོང་སྐྱིད་ཐང་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག(སྤུ་ཧྲེང་རྫོང་སྲིད་གཞུང་གིས་མངགས་གཏོང་བྱས)གིས་ཚོགས་ཆུང་དང་དུད་ཚང་ཁག་ཏུ་བསྐྱོད་དེ་ཞིང་དུད་ཀྱི་གཞི་རྩའི་གནས་ཚུལ་ཁག་རིམ་པ་བཞིན་ཐོ་འགོད་དང་ཞིབ་དཔྱད་བྱས་ཤིང་།ཐེམ་ཐོའི་འབྲེལ་བ་དང་།མི་འབོར་གྱི་གྲུབ་ཆ།ངལ་རྩོལ་ནུས་ཤུགས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད།

བསྡོམས་རྩིས་ནང་སྐྱིད་ཐང་སྡེ་ཁུལ་གྲོང་ལྷན་ལ་ཁྱོན་དུད་ཚང་175དང་མི་755ཡོད་པའི་ནང་ངལ་རྩོལ་ནུས་ཤུགས་302དང་།ཏང་ཡོན་68 རྨོ་ཞིང་རྒྱ་ཁྱོན་མུའུ་1928 སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་26250བཅས་ཡོད་པ་དང་།2013ལོའི་ལོ་མཇུག་ཏུ་མང་ཚོགས་ཀྱི་མི་རེའི་ཡོང་འབབ་ཁེ་གཙང་སྒོར་5367ཟིན་ཡོད་པ་རེད།ད་ཐེངས་ཞིང་དུད་ཀྱི་གཞི་རྩའི་ཆ་འཕྲིན་བསྡོམས་རྩིས་བྱས་པ་བརྒྱུད།ལས་དོན་རུ་ཁག་གིས་གྲོང་ལྷན་གྱི་དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་བྱ་གཞགམི་འབོར་སོགས་ཀྱི་གཞི་རྩའི་ཆ་འཕྲིན་སྔར་བས་ཁོང་དུ་ཆུད་པ་དང་མཐོང་ཐོས་མྱོང་སྒྲུབ་ཀྱི་དཔྱད་གཞི་ཁོང་དུ་ཆུད་ཐོག་སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་དཔལ་འབྱོར་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐབས་ཇུས་བཀོད་སྒྲིག་བཟོ་བར་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།