དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཧུར་ཐག་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

བོད་ཀྱི་ལོ་གསར་ཚར་མ་ཐག་སྤུ་ཧྲེང་རྫོང་དུ་དཔྱིད་རྨོད་དཔྱིད་འདེབས་ལས་དོན་འགོ་ཚུགས་པ་རེད།

ཉིན་ཤས་བསྟུད་མར་རྫོང་དེའི་ཞིང་འབྲོག་ཅུས་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ།དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་ཡོངས་སུ་ཁྱོན་རྨོ་ཞིང་མུའུ་15556.73ཡོད་པ་དང་།མིག་སྔར་དཔྱིད་རྨོད་དཔྱིད་འདེབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།སྔོན་རྩིས་བྱས་ན་ཟླ་4པའི་ཟླ་དཀྱིལ་དུ་རྨོད་རྒྱག་པའི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་རེད།ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་དང་གསོག་འཇོག་འདང་ངེས་ཐུབ་ཆེད།མིག་སྔའི་བར་རྫོང་དེས་ཁྱོན་རྫས་ལུད་ཏུན་120དང་།ཁྱིམ་ལུད་ཏུན་2800 ཞིང་སྨན་ཏུན་56 ས་བོན་ཏུན་ཁྲི་0.6 སོན་བཟང་དམར་པོ་ཏུན་210 ཞིང་སྤྱོད་རྒྱུ་ཆ་ཏུན་1.2བཅས་སྣ་ཁ་34དབོར་འདྲེན་བྱས་པ་དང་།ཞིང་འཕྲུལ་675ཉམས་བཟོ་བྱས་པ།ཞིང་འབྲོག་པ་མི་ཐེངས་1200ལ་གསོ་སྦྱོང་བྱས་པ།ཁྱོན་རིང་ཚད་སྤྱི་ལེ་18ཡོད་པའི་ཆུ་ཡུར་12ཉམས་གསོ་བྱས་པ།རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་7300ཡོད་པའི་ཆུ་རྫིང་7ཉམས་གསོ་བྱས་པ།རིགས་4ཡི་ཕྱུགས་རིགས་ཀྱི་རིམས་འགོག་སྨན་ཁབ་ཏུན་3.4དབོར་འདྲེན་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།