སྤུ་ཧྲེང་རྫོང་གིས་མང་ཚོགས་ལ་བྱ་བ་དངོས་དང་ལས་བཟང་བསྒྲུབས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་།མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་མིག་སྔའི་དཔྱིད་རྨོད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་མང་ཚོགས་ལ་བྱ་བ་དངོས་དང་ལས་བཟང་བསྒྲུབས་ནས་འདི་ལོ་ལོ་ལེགས་ཡོང་ཆེད་རྨང་གཞི་བཏིང་ཡོད་པ་རེད།  ཤེས་རྟོགས་བྱུང་གསལ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་ཀའི་སྤྱོད་ཚུལ་ཏན་ཏིག་བསྒྱུར་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་དམངས་ཀྱི་དཀའ་གནད་བསལ་ཏེ་རྫོང་ཡོངས་ཀྱི་ཏང་ཀྲི་པུའུ་42ཀྱི་ཏང་ཡོན་626གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་723དང་རོགས་སྐྱོར་ཆ་སྒྲིག་བྱས་པ་དང་།ལག་རྩལ་པ་གདན་དྲངས་ཏེ་ཞིང་འཕྲུལ་བཀོལ་སྤྱོད་དང་།ཞིང་ལས་ཡོ་བྱད་བེད་སྤྱོད།ཚན་རིག་དང་མཐུན་པའི་ངང་ལྗང་པ་གསོ་བ།སྒོ་ཕྱུགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་སྟངས་སོགས་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་ཐེངས་10བྱས་པ།རྫས་ལུད་ཏུན་120དང་།ཞིང་སྨན་ཏུན་56 ལེགས་འདེམས་ས་བོན་སྨན་སྦྱོར་ཏུན་61དབོར་འདྲེན་བྱས་ཏེ་དཔྱིད་རྨོད་ཀྱི་ལས་དོན་ཁག་ཏན་ཏིག་འགྲུབ་པར་རྨང་གཞི་བཏིང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།