སྒེར་རྩེ་རྫོང་གིས“ཁྲིམས་རྨོངས་སེལ་བའི”གསོ་སྦྱོང་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

 གསར་འགོད་པར་སྒེར་རྩེ་རྫོང་ཨུད་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་གསལ།མང་ཚོགས་ལམ་ཕྱོགས་སྔར་བས་ལག་ལེན་ཐོག་འཁྱོལ་བ་བྱ་ཆེད་སྒེར་རྩེ་རྫོང་གིས“མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་།མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་སྤེལ་བ།མང་ཚོགས་ལ་གཞིགས་པ”བཅས་ཀྱི་རང་འདེམས་བྱ་སྤྱོད་ཀྱི་རྨང་གཞིའི་ཐོག་རྫོང་དེའི་དོན་དངོས་དང་ཟུང་འབྲེལ་གྱིས“ཁྲིམས་རྨོངས་སེལ་བའི”གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་གསོ་སྦྱོང་བྱེད་སྒོས་གྲོང་རྡལ་ཡོངས་ཀྱི་དར་གཞོན་ཁྲོད་ཁྲིམས་རྨོངས་སེལ་བའི་བྱེད་སྒོ་སྤེལ་ནས་དམིགས་སའི་རང་བཞིན་ཡོད་པའི་ངང་ཁྲིམས་རྨོངས་སེལ་བའི་སློབ་ཁྲིད་དང་།ཁྲིམས་ལུགས་ཁག་དྲིལ་བསྒྲགས་བྱས་ཏེ་གཟའ་འཁོར་རེར་རེས་མོས་བྱེད་པའི་རྩ་དོན་བརྒྱུད་ཁྲིམས་ལུགས་ཀྱི་ཤེས་བྱ་མང་ཚོགས་3720ཁྲོད་ཁྱབ་གདལ་བཏང་ནས་གཞོན་ནུ་ཚོས་ཡི་གེ་མ་ཤེས་པ་དང་ཡི་གེ་ཡག་པོ་མི་ཤེས་པའི་གནས་ཚུལ་དང་།དེ་བཞིན་གྲོང་མིའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།