སྒེར་རྩེ་རྫོང་གིས་ཆུ་ཤུགས་གློག་ཁང་གི་གློག་སྐུད་སྣུར་སྲིང་ལས་གྲྭར་ཞིབ་བཤེར་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

  ཉེ་ཆར་སྒེར་རྩེ་རྫོང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་འོ་མ་ཤང་སོགས་ཤང་གྲོང་གསུམ་གྱི་གློག་སྐུད་སྣུར་སྲིང་ལས་གྲྭར་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་སྐབས་ཞིབ་བཤེར་ཚོགས་ཆུང་གིས་ལས་ཀའི་མྱུར་ཚད་དང་།སྤུས་ཚད།བདེ་འཇགས་ཐོན་སྐྱེད།ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ།ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནས་ཚུལ་འཕྲལ་མར་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་བཏོན་པ་མ་ཟད།ཨར་ལས་ཕྱོགས་དང་ལྟ་ཞིབ་ཕྱོགས་ཀྱིས་དུས་བཀག་ལྟར་བཅོས་སྒྲིག་བྱས་ནས་གློག་སྐུད་སྣུར་སྲིང་ལས་གྲྭ་དུས་བཀག་ལྟར་ལེགས་གྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།