སྒེར་རྩེ་རྫོང་གིས་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

 ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་བྱེད་སྒོ་ཁག་གཉིས་པ་སྤེལ་ཚུན་སྒེར་རྩེ་རྫོང་གིས་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་སློབ་སྦྱོང་གི་ཐབས་ཤེས་དང་བྱེད་ཐབས་ལེགས་པ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ཏེ“གནད་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་པ་དང་།སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་པ།སྙིང་བཅུད་ལེན་རྒྱུ”གཙོ་རྐང་དུ་བྱས་ཏེ་སློབ་སྦྱོང་ལ་ཤུཌ་སྣོན་རྒྱུན་ཆད་མེད་པར་བརྒྱབ་པས་སློབ་སྦྱོང་བྱེད་སྒོར་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་རེད།    ཐབས་མང་མཉམ་དུ་སྤྱད་དེ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ།བྱེད་སྒོ་མ་སྤེལ་གོང་སྒེར་རྩེ་རྫོང་གིས་རྫོང་ཡོངས་ཀྱི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞི་ཐོག་སློབ་སྦྱོང་གི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་།“གཟའ་འཁོར་རེར་ཐེངས་རེ་སློབ་སྦྱོང་བྱ་རྒྱུའི”དམིགས་ཚད་ལ་གཞིགས་ནས་རྫོང(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་ཁག་དང་།ཤང་དང་གྲོང་རྡལ་ཁག་གིས་གཟའ་འཁོར་རེར་མ་མཐར་ཡང་གཅིག་སྡུད་ཐོག་སློབ་སྦྱོང་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་སྡོད་ས་ཁ་ཐོར་ཡིན་པའི་དོན་དངོས་ལ་གཞིགས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐུལ་སློང་བྱས་ནས“སྒོ་འགྲམ་ནས་སློབ་སྦྱོང་བྱེད་པ”དང“སྒོ་འགྲམ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བས།གྲོང་ཚོ་ཡོངས་ལ་སློབ་སྦྱོང་བྱེད་པའི་རྣམ་པ་ཞིག་ཆགས་པ་དང་སློབ་སྦྱོང་བྱེད་ཁྱོན་ཀུན་ལ་ཁྱབ་ཡོད་པ་རེད།    འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་པ།སྒེར་རྩེ་རྫོང་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་སློབ་སྦྱོང་དང་ཞིབ་འཇུག་གྲོས་མོལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་ངོས་འཛིན་མཐོར་གཏོང་བྱས་ཡོད།“སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ”དང“རྫོང་རིམ་པའི་ལས་བྱེད་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་དུས་མཚམས་དང་པོའི་བསམ་ཚུལ་སྤེལ་རེས་ཚོགས་འདུ” “སུའི་ཆེད་དུ་དང་།སུ་ལ་བརྟེན་དགོས་པ།ང་སུ་ཡིན་པ་བཅས་ཀྱི་བགྲོ་གླེང་ཆེ་མོ”སོཊ་སྔ་རྗེས་སུ་ཆེད་དོན་སློབ་སྦྱོང་སྣ་ཚོགས་ཐེངས་15བྱས་ཡོད་པ་རེད།

གཞི་རིམ་དུ་བསྐྱོད་བྱས་ནས་མང་ཚོགས་ལ་སློབ་སྦྱོང་བྱས་པ།“འགོ་ཁྲིད་ལས་བྱེད་པ་ཤང་དང་གྲོང་ཚོར་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་ཁྱིམ་དུད་དུ་བསྐྱོད་ཐོག་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་པས་མང་ཚོགས་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་མང་ཚོགས་ལ་སློབ་སྦྱོང་བྱེད་པའི་སྲོལ་བཟང་ཞིག་ཆགས་ཡོད་ཅིང་།མིག་སྔའི་བར་འགོ་ཁྲིད་ལས་བྱེད་པ་ཤང་དང་གྲོང་ཚོར་སྐྱོད་པའི་བྱེད་སྒོའི་ཁྲོད་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་113དང་།བརྟག་ཞིབ་ཡིག་ཆ་8 སློབ་སྦྱོང་གི་མྱོང་ཚོར་70ལྷག་ཙམ་བཅས་བསྡུས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།