སྒེར་རྩེ་རྫོང་གིས་“གྲོན་ཆུང་རྣམ་པའི”སྲིད་གཞུང་འཛུགས་སྐྱོང་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

སྒེར་རྩེ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས“ཧུར་བསྲི་གྲོན་ཆུང་རང་ཉིད་ནས་འགོ་རྩོམ་དགོས”ཞེས་པའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་རྒྱ་ཆེའི་ལས་བྱེད་ལས་བཟོར་གློག་གྲོན་ཆུང་དང་ཤོག་བུ་གྲོན་ཆུང་སོགས་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཧུར་བསྲི་གྲོན་ཆུང་གི་གོམས་གཤིས་བཟང་པོ་འཇགས་པ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང“གྲོན་ཆུང་རྣམ་པའི”སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད་པ་རེད།    རྫོང་དེའི་ཀྲུང་དབྱང་ཐད་གཏོགས་དང་རྫོང་ཐད་གཏོགས་ཀྱི་ཏང་ཀྲི་པུའུ་14དང་།ཁོངས་མིའི་ཚན་པ་54ཡིས་ཏང་ཀྲི་པུའི་ཚོགས་འདུ་འཚོགས་ནས་ཡོངས་བསྒྲགས་ངང་གྲོན་ཆུང་བྱེད་པའི་ཁས་ལེན་བྱས་པ་དང་།ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“གྲོན་ཆུང་རྣམ་པའི”ལས་ཁུངས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཤིང་།ཤང་དང་གྲོང་རྡལ་ཁག་གིས་རླངས་སྣུམ་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་དང་ཟུང་འབྲེལ་བྱས་ནས་ཟླ་འཁོར་གྱི་འཁོར་སྤྱོད་འཆར་གཞི་བཟོས་པ་དང་།སྣུམ་གྲོན་ཆུང་བྱེད་པ་ནས་འགོ་བཙུགས་ཏེ“གྲོན་ཆུང་རྣམ་པའི”སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད་པ་རེད།ཤང་དང་གྲོང་རྡལ་གྱི་རླངས་སྣུམ་གྲོན་ཆུང་གི་རྣམ་གྲངས་ཁོ་ནས་ཟླ་རེར་ཤང་དང་གྲོང་རྡལ་རེར་ཆ་སྙོམས་རླངས་འཁོར་སྤྱོད་ཐེངས་2ཉུང་དུ་ཕྱིན་པ་དང་ཆ་སྙོམས་སྣུམ་ཀུང་ཧྲེང་100གྲོན་ཆུང་ཐུབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།