སྒར་རྫོང་ཞིབ་དཔྱོད་ཁང་གིས“བསམ་བློར་བཅིངས་འགྲོལ་བཏང་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང”ཞེས་པའི་སློབ་སྦྱོང་གྲོས་བསྡུར་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

ཉེ་དུས་སྒར་རྫོང་ཞིབ་དཔྱོད་ཁང་གིས“བསམ་བློར་བཅིངས་འགྲོལ་བཏང་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང”ཞེས་པའི་སློབ་སྦྱོང་གྲོས་བསྡུར་བྱེད་སྒོའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད།ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ།ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མངའ་རིས་སུ་བརྟག་ཞིབ་གནང་སྐབས་ཀྱི་་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་གཅིག་སྡུད་ཐོག་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་སློབ་སྦྱོང་ཡང་བྱས་པ་རེད།

ཚོགས་འདུའི་ཐོག་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་ཚོར་ཚོགས་འདུའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ཡག་པོ་བླངས་ཏེ་བསམ་བློར་བཅིངས་འགྲོལ་སྔར་ལས་ལྷག་པ་གཏོང་བ་དང་འདུ་ཤེས་གསར་བརྗེས་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་།རང་ཉིད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཡག་པོ་བྱེད་པ་དང་།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ།ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ།འགལ་བ་དང་རྩོད་གཞི་གྲལ་བཤེར་དང་།བར་འདུམ།ལྟ་སྐུལ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ཁར།རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་དོན་ཉེས་གསོག་ཚབས་ཆེན་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་སྤྱི་ཚོགས་དྲང་གཞག་ལ་སྲུང་སྐྱོང་བྱེད་དགོས་པ།བཟོ་བཅོས་བརྒྱབ་རྗེས་ཀྱི་གཏུག་བཤེར་བཅའ་ཁྲིམས་དང་དམངས་དོན་གཏུག་བཤེར་བཅའ་ཁྲིམས་སློབ་སྦྱོང་ཧུར་ཐག་བྱས་ནས་ལས་བྱེད་ཉེན་རྟོག་པའི་ལས་སྒོའི་ཤེས་བྱ་ཕུན་སུམ་ཚོགས་སུ་དང་རྩལ་ནུས་ཆེ་རུ་གཏོང་དགོས་པ་དང་།ཞིབ་དཔྱོད་ལས་ཁུངས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ།བརྟན་ལྷིང་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་འཛུགས་པ་དང་།བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་པོ་བྱེད་པ།བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་བཅས་ཀྱི་ཐོག་ནས་སྒར་རྫོང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་དང་།མུ་མཐུད་བརྟན་ལྷིང་།ཡུན་རིང་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།