སྒར་རྫོང་གིས་འགྲོ་ལམ་གྱི་སྐོར་གཡེང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་བགྲོད་ཐོགས་མེད་ཡོང་རྒྱུར་འགན་ལེན་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

སྒར་རྫོང་གིས་ཟླ་11པའི་ཟླ་དཀྱིལ་ནས་བཟུང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་སོགས་ཚན་པ་སྒྲིག་འཛུགས་བྱས་ནས་རྫོང་ཁོངས་ཀྱི་རྒྱལ་ལམ་219ལ་སྐོར་གཡེང་ཞིབ་བཤེར་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ངང་ཤར་བགྲོད་ཡོང་རྒྱུར་འགན་ལེན་བྱས་པ་རེད།

འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྐོར་གཡེང་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱ་སྤྱོད་ཚོགས་ཆུང་ཁག་སྒྲིག་འཛུགས་ནན་ཏན་བྱས་ནས་རྫོང་ཁོངས་ཀྱི་རྒྱལ་ལམ་219ཡི་འགྲོ་ལམ་གྱི་འགྲིམ་འགྲུལ་ལས་འཛོལ་དང་།དེ་བཞིན་མྱུར་ཚད་ལས་བརྒལ་བ།འགྲུལ་པ་དང་དངོས་ཟོག་མཉམ་དུ་བླུགས་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་པ་རེད།འགྲོ་ལམ་ཐོག་གི་གངས་གསོག་དང་།རྡོ།འགྲིམ་འགྲུལ་དྲན་སྐུལ་བྱང་བུ་སོགས་ལ་གཙང་སེལ་དང་སྲུང་སྐྱོང་བྱས་ནས་འགྲོ་འོང་འཁོར་རིགས་ལ་ཞིབ་བཤེར་བཟོ་བཅོས་བྱེད་རོགས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཕྲལ་དུ་བསལ་ནས་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་བགྲོད་ཐུབ་རྒྱུ་འགན་ལེན་ཤུགས་ཆེན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།