སྒར་རྫོང་གིས་ཡུན་རིང་ཐག་གཅོད་མ་བྱུང་བའི་གྱོད་གཞི་གཙང་བཤེར་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

ས་ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི《ཡུན་རིང་བཀག་ཉར་བྱས་ནས་ཐག་གཅོད་མ་བྱུང་བའི་གྱོད་གཞི་ཁྲིམས་ལྟར་གཙང་བཤེར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད།སྒར་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་ས་ཁུལ་སྤྱི་བདེ་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་།རྫོང་ཨུད་ཀྱི་རྒྱུན་ཨུ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།སྤྱི་བདེའི་ཅུས་ཀྲང་བཅས་ཡིན་པའི་ཉུའོ་ཀྲེན་མིང་གིས་ཙུའུ་ཀྲང་བྱས་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ཚོགས་ཆུང་བཙུགས་ནས་སྒར་རྫོང་གི་སྤྱི་བདེ་དང་།ཞིབ་དཔྱོད།ཁྲིམས་ཁང་།ཁྲིམས་འཛིན་བཅས་ཀྱི་ཡུན་རིང་བཀག་ཉར་བྱས་ནས་ཐག་གཅོད་བྱུང་མེད་པའི་གྱོད་གཞི་གཙང་བཤེར་བྱས་ཡོད་པ་རེད།

གཙང་བཤེར་བྱ་ཡུལ་ནི་ཁག་ཐེག་པ་བཙལ་ནས་འདྲི་གཅོད་བྱེད་རྒྱུར་སྒུག་པ་དང་།སྡོད་གནས་ལ་ལྟ་ཞིབ།ཉེས་དོན་བཀག་ཉར།འཛིན་བཟུང་།གཞུང་གཏུག་རྒྱག་པ།ཁྲིམས་སྦྱོར་མི་བྱེད་པ།ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་པ་སོགས་ཡིན་པ་དང་།ཞིབ་བཤེར་བྱས་པ་བརྒྱུད་ཡུན་རིང་ཐག་གཅོད་བྱུང་མེད་པ་སོགས་ཀྱི་སྣང་ཚུལ་ཐོན་མེད་པ་དང་།སྡེ་ཚན་ཁག་གིས་དོན་དངོས་ཡིན་མིན་དང་།དཔང་རྟགས་ཡོད་མེད།བརྒྱུད་རིམ་ཆ་ཚང་མིན།བཅའ་ཁྲིམས་དང་མཐུན་མིན་སོགས་ནན་བཟུང་བྱེད་ཐུབ་པ་བྱུང་ཡོད།གཙང་བཤེར་བྱས་པ་བརྒྱུད་གྱོད་གཞི་ཞིབ་གཅོད་བྱེད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་།དཔང་རྟགས་ཀྱི་འདུ་ཤེས།བརྒྱུད་རིམ་གྱི་འདུ་ཤེས་བཅས་ཆེ་རུ་ཕྱིན་ནས་མ་ཉེས་ཁག་གཡོགས་དང་ནོར་འཁྲུལ་གྱི་གྱོད་གཞིའི་མངོན་མེད་རྐྱེན་ངན་སེལ་ཐུབ་པ་བྱུང་སྟེ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་བདེ་བླག་ངང་ལག་བསྟར་བྱེད་རྒྱུའི་འགན་ལེན་བྱུང་ཡོད་ལ་ཁྲིམས་འགལ་ཉེས་གསོག་དོགས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཡང་འགན་ལེན་བྱེད་ཐུབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།