དམངས་འཚོ་རྩ་བར་བཟུང་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

འདི་ལོ་ཚུན་སྒར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས“དམངས་འཚོ་རྩ་བར་འཛིན་པའི”གཙོ་གནད་ལ་དམ་པོར་དམིགས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད་པ་རེད།

གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ལས་དོན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ།ཉེ་བའི་ལོ་ཤས་རིང་རྫོང་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྱོན་3958སྤྱི་ཚོགས་རྒན་གསོ་འགན་བཅོལ་ལ་ཞུགས་ནས་སྒོར་ཁྲི་104.6བསྡུ་སྤྲོད་བྱས་ཤིང་།འགན་བཅོལ་ལ་ཞུགས་ཚད་99.6%ཟིན་པ་དང་།རྫོང་ཡོངས་ཀྱི་དགོན་སྡེའི་ན་ལོན་གྲྭ་བཙུན་ཚང་མ་རྒན་གསོ་འགན་བཅོལ་ལ་ཞུགས་ཤིང་།འགན་བཅོལ་ལ་ཞུགས་ཚད་100%ཟིན་ཡོད་པ་རེད།

རྒན་གསོ་འགན་བཅོལ་དང་།ལས་ཤོར་འགན་བཅོལ།ལས་རྨས་འགན་བཅོལ་བཅས་ཀྱི་འཇལ་སྤྲོད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གཞི་རྩའི་རྒན་གསོའི་དངུལ་དུས་ཐོག་ཏུ་འདང་ངེས་སྤྲད་དེ་ཚན་པ་དང་མི་སྒེར་གྱི་གྲོན་དངུལ་སྤྲོད་པའི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བྱས་པ་རེད།གཅིག་གྱུར་འཆར་འགོད་ཀྱི་རྒན་གསོའི་དངུལ་དང་།ལས་ཤོར་འགན་བཅོལ།ལས་རྨས་འགན་བཅོལ་སོགས་བསྡུ་སྤྲོད་བྱེད་ཚད་100%ཟིན་ནས་ལས་དོན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

སྨན་བཅོས་འགན་བཅོལ་ལས་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།ཁྱོན་ཚན་པ་59ཡི་མི་955གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཤིང་།ཚན་པའི་མི་སྒེར་ལས་ཁྱོན་སྒོར་ཁྲི་2428.15དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་གཞུང་ཞབས་པའི་གསབ་དངུལ་ཐེབས་རྩ་ཚན་པ་ལས་སྒོར་ཁྲི་620.38བསྡུས་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ཁག་ལས་བསྡུས་ཚད་100%ཟིན་ཡོད་ཅིང་།མིག་སྔའི་བར་སྨན་བཅོས་ཐེབས་རྩ་ཁག་ལས་ཁྱོན་སྒོར་ཁྲི་518.39བཏང་ཡོད་པ་རེད།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ཁག་གི་སྤྲོད་ཚད་100%ཟིན་རྒྱུ་མངོན་འགྱུར་བྱུང་བ་དང་།ཚན་པ་56གི་མི་863གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་བུ་བཙའི་འགན་བཅོལ་ནང་ཞུགས་ཤིང་།འགན་བཅོལ་ཐེབས་རྩ་ཁྱོན་སྒོར་ཁྲི་95.81བསྡུས་ནས་བསྡུས་ཚད་100%ཟིན་ཡོད།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་བུ་བཙའི་འགན་བཅོལ་ཐེབས་རྩ་སྤྲོད་ཚད་100%ཟིན་རྒྱུ་མངོན་གྱུར་བྱུང་བ།ཁྱོན་དུད་ཚང་602ཀྱི་ཡུལ་མི་1088སྨན་བཅོས་འགན་བཅོལ་ནང་ཞུགས་ཤིང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྫོང་རིམ་པའི་ནོར་སྲིད་ཁ་གསབ་དང་དེ་བཞིན་མི་སྒེར་ལས་སྒོར་ཁྲི་20.51བསྡུས་ནས་བསྡུས་ཚད་100%ཟིན་ཡོད།འགྲོ་སོང་ཁག་ཁྱོན་སྒོར་ཁྲི་85.43ཟིན་ནས་སྤྲོད་ཚད་100%ཟིན་ཡོད་པ་རེད།

ངལ་རྩོལ་ལས་ཞུགས་དང་།ལས་རིགས་རྩལ་ནུས་དྲིལ་བསྒྲགས།གསོ་སྦྱོང་ལས་དོན་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ།མངའ་རིས་ས་ཁུལ་དང་སྒར་རྫོང་རིམ་པ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་དང་ཞིང་འབྲོག་པ་མི་ཐེངས་77ལ་བྱ་དེ་གསོ་བ་དང་བསླས་འཐག་སོགས་རྩལ་ནུས་སྣ་ཚོགས་གསོ་སྦྱོང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།