སྒར་རྫོང་གིས་ཤུགས་སྣོན་རྒྱག་གཞི་ལྔར་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་སྒར་རྫོང་གིས“དངོས་སྒྲུབ་ནི་འཇོན་ཐང་དང་དོན་འཁྱོལ་ནི་ཆུ་ཚད”ཡིན་པའི་བླང་བྱ་བཏོན་ནས“འགན་ལེན་གཉིས་དང་རྨང་གཞི་གཅིག”བརྗོད་དོན་དུ་བྱས་ཏེ་བྱེད་སྒོའི་གཞི་རྟེན་གསར་གཏོད་ཀྱིས་ཞིང་འབྲོག་ཁུལ་ལ་དམིགས་ནས་ཤུགས་སྣོན་རྒྱག་གཞི་ལྔ་ཡག་པོ་བསྒྲུབས་ཏེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།    ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ཅིང་།དཔྱིད་རྨོད་རྨོད་གྲབས་སྔ་སྣུར་ནས་གྲ་སྒྲིག་ཡག་པོ་བྱས་པ་དང་།ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ།ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས་ཞིང་ལས་སྐྱེ་དངོས་ཁྱོན་མུའུ་33214བཏབ་པར་འབྲུ་རིགས་ཐོན་འབོར་ཏུན་750ཟིན་པ་དང་།ལག་ཡོད་ཕྱུགས་ཟོག་མགོ་གྲངས་ཁྲི་18ཡོད་པ་ནས་བཤས་གཏོང་ཚད་38%ཟིན་པ་དང་ཤ་དང་འོ་མ་ཐོན་ཚད་ཏུན་1348.8དང་ཏུན་908.8སོ་སོར་ཟིན་པ།ཁུ་ལུ་དང་བལ་ཐོན་ཚད་ཏུན་26.5དང་ཏུན་95སོ་སོར་ཟིན་ནས་ཞིང་ཕྱུགས་ཐོན་ཟོག་ཕྱོགས་བསྡུས་ཚོང་ཟོག་ལ་འགྱུར་ཚད་69%ཡན་ཟིན་ཡོད་པ་རེད།    ཞིང་འབྲོག་ཁུལ་གྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་།མ་དངུལ་སྒོར་ཁྲི་300བཏང་ནས་ཞིང་འབྲོག་ཁུལ་གྱི་ཞིང་ཆུ་འདྲེན་པའི་ལས་གྲྭ་དང་།ཆུ་འགོའི་ལས་གྲྭའཐུང་ཆུ་གཙང་མའི་ལས་གྲྭ་སོགས་ལས་གྲྭ་ཁག་5གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་།བཀྲ་ཤིས་སྒང་ཤང་ནས་འདེམ་འཇོག་གྲོང་ཚོའི་བར་གྱི་སྣུམ་ནག་གཞུང་ལམ་སྤྱི་ལེ་30དང་ཚོགས་ཆུང་ཁག་གཅིག་གི་གཞུང་ལམ་སྤྱི་ལེ་100ཉམས་གསོ་བྱས་པ་མ་ཟད།ད་དུང་ཤང་རིམ་པའི་འོད་ཤུགས་གློག་ཁང་དང་ཆུ་ཤུགས་གློག་ཁང་3ཉམས་གསོ་སྒྱུར་བཀོད་ཀྱང་བྱས་པ་རེད།མ་དངུལ་སྒོར་ཁྲི་500བཏང་ནས་བསྐྲུན་ཟིན་པའི་བདེ་སྡོད་ཁང་པའི་ཞོར་གཏོགས་སྒྲིག་ཆས་ཐད་ལེ་ལག་བཀོད་སྒྲིག་བྱས་པ་དང་།མ་དངུལ་སྒོར་ཁྲི་1000བཏང་ནས་སྒར་རྫོང་གི་དམངས་སྲོལ་ཡུག་གཅིག་ཁྲོམ་གཞུང་བསྐྲུན་པ།མ་དངུལ་སྒོར་ཁྲི་200བཏང་ནས་མཐོ་གྲང་འབྲོག་ཁུལ་གྱི་ལྷས་ར་དང་།དེ་བཞིན་བཤས་ཕྱུགས་དང་བཤས་ལུག་ཚད་ལྡན་གསོ་ཚགས་སོགས་ཀྱི་རྣམ་གྲངས་གསར་སྐྲུན་དང་སྒྱུར་བཀོད་བྱས་པ་རེད།ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་།མ་དངུལ་སྒོར་ཁྲི་1200བཏང་ནས་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གསར་སྐྲུན་བྱས་པ་དང་ཆབས་ཅིགཤང་གྲོང་བུ་བཅོལ་ཁང་ཉམས་གསོ་སྒྱུར་བཀོད་ཀྱང་བྱས་པ་དང་སློབ་ཆུང་གི་སློབ་ཁྲིད་ཐོག་བརྩེགས་ཁང་2དང་དགེ་རྒན་གྱི་ལས་ཤག་སྟར་པ་3གསར་དུ་བརྒྱབ་ཡོད་པ་རེད།    ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་།གྲོང་འདབས་ཀྱི་ཞིང་འབྲོག་ལས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་3200བཏབ་པ་དང་ས་ཁྱོན་མུའུ་440ལྷག་ཙམ་ཟིན་པའི་སྔོ་ཚལ་འདེབས་འཛུགས་གཙོ་བོར་བྱས་པའི་སྣོད་བཅུད་ཞིང་ལས་དཔེ་སྟོན་ཁུལ་བསྐྲུན་ནས་འབྲུ་རིགས་སྐྱེ་དངོས་དང་།དཔལ་འབྱོར་སྐྱེ་དངོས།སྔོ་ཚལ་བཅས་རིགས་གསུམ་གྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་དང་འཐུས་ཚང་དུ་ཧུར་ཐག་བཏང་ཡོད།དེང་རབས་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་།ཞིང་འབྲོག་ཁུལ་ལ་ཞབས་འདེགས་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་རྒྱུ་འགོ་འཛུགས་སར་བྱས་ཏེ་སྒར་རྫོང་གི་རིག་གནས་ཡུལ་སྐོར་དང་།མཐོ་སྒང་མྱུལ་དཔྱད།དངོས་ཟོག་མྱུར་སྐྱེལ།བཟའ་འཐུང་ཚོང་ཟོགཆ་འཕྲིན་ཞབས་ཞུ་སོགས་དེང་རབས་ཞབས་ཞུའི་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་ལས་རིགས་ལྟེ་བར་བྱས་པའི་དེང་རབས་ཞབས་ཞུའི་ལས་སྒོའི་མ་ལག་དང་ནུས་མཐོ་དང་སྟབས་བདེའི་ཞིང་འབྲོག་ཁུལ་གྱི་ཞབས་ཞུའི་ལས་སྒོའི་མ་ལག་བཙུགས་པ་རེད།    ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ཧུར་ཐག་སྤེལ་ནས་ཞིང་འབྲོག་པའི་སྤྱོད་གོ་ཆོད་པའི་རྩལ་ནུས་དང་།སྲིད་ཇུས།བཅའ་ཁྲིམས།ཚན་རྩལ།རིག་གནས་བཅས་ཀྱི་གསོ་སྦྱོང་ནང་དོན་དུ་བྱས་ཏེ་ཞིང་འབྲོག་པ་80ལ་གསོ་སྦྱོང་བྱས་ནས་མི་གཅིག་ལ་གསོ་སྦྱོང་བྱས་ཚེ་མི་དེ་ལས་ཞུགས་ཐུབ་པ་བྱས་ཡོད།ཞིང་འབྲོག་པའི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད་མི་ཐེངས་500སྒྲིག་འཛུགས་ཀྱིས་ངལ་ནུས་ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་ཁྲི་1643བྱུང་ཡོད།དབུལ་སྐྱོར་དངུལ་བུན་དང་གྲངས་ཉུང་ཁག་ཐེག་གི་ནོར་སྲིད་ཁ་གསབ་དངུལ་བུན་གྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་མ་དངུལ་གང་ཙམ་ཡོད་པ་དང་ལག་རྩལ་དང་དེ་བཞིན་དོ་དམ་གྱི་ཉམས་མྱོང་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་ཆེད་ལས་མཉམ་ལས་ཁང་གིས་བཟའ་འཐུང་ལས་རིགས་དང་།ཞག་སྡོད།ཞིང་འབྲོག་པའི་སྤྲོ་སྐྱིད་ཁང་།ཚོང་ཟོག་འགྲོ་རྒྱུགའཛུགས་སྐྲུན་རྒྱུ་ཆ།མི་རིགས་ལག་ཤེས་བཟོ་ལས་བཅས་གཉེར་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་སོང་ནས་མི་གྲངས་300ལས་ཞུགས་གཞན་སྒྱུར་བྱུང་ཡོད་པ་རེད།

ཞིང་འབྲོག་པའི་བསམ་བློའི་འགོག་རྐྱེན་བསལ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་།ཆ་འཕྲིན་དང་།ཚན་རྩལ།གསོ་སྦྱོང་བཅས་དུད་ཚང་དུ་ཁྱབ་པ་དང་།དཔེ་མཚོན་སྣེ་ཁྲིད་དང་འཇོན་ཐང་ཅན་གྱི་སྣེ་ཁྲིད་སོགས་བྱ་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས“བཞི་གཏོར་བཞི་འཛུགས”བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་སྟེ།རྙིང་ཞེན་གྱི་བསམ་བློ་དོར་ནས་སྒོ་དབྱེའི་འདུ་ཤེས་འཛུགས་པ་དང་།རྨོངས་གཉིད་ཀྱི་བསམ་བློ་དོར་ནས་ཚན་སློབ་ཞིང་དར་གྱི་འདུ་ཤེས་འཛུགས་པ།རང་བྱུང་དཔལ་འབྱོར་གྱི་བསམ་བློ་དོར་ནས་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་འཛུགས་པ།“སྒུག་བརྟེན་སློང”གསུམ་གྱི་གཞན་རྟེན་བསམ་བློ་དོར་ནས་ཡར་རྒྱས་བརྩོན་ལེན་དང་རང་ཁ་རང་གསོའི་འདུ་ཤེས་འཛུགས་པ་བཅས་སོ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།