སྒར་རྫོང་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:22

འདི་ལོ་ཤར་བ་ནས་བཟུང་སྒར་རྫོང་གི་མང་ཚོགས་ཀྱི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གཞི་རྟེན་ནུས་ལྡན་ཞིག་ལ་བརྩིས་ཏེ་ཁྱོན་ཡོངས་ནས་ཐང་ཆེན་ཞབས་བྲོའི་བྱེད་སྒོ་དང་།ཞིང་པའི་དེབ་ཁང་འཛུགས་སྐྲུན།རིག་རྩལ་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ལས་ཀར་དམ་འཛིན་ཤུགས་ཆེན་བྱས་པས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད་པ་རེད།    ཐང་ཆེན་ཞབས་བྲོ་འཁྲུག་ཆ་དོད་པ།སྒར་རྫོང་གིས་རང་དགར་ལུས་པའི་ཐོན་ཁུངས་གང་ལེགས་སྤྱད་དེ་སྣ་མང་གི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་།མིག་སྔའི་བར་རྫོང་ཡོངས་སུ་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་5དང་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོའི་ལྟེ་གནས་14གྲོང་ཚོ(གྲོང་ལྷན)ཁ་ཤས་ལ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ(ཐང་ཆེན)བསྐྲུན་པས་ངལ་གསོའི་དུས་ཚོད་སླེབས་རིམ་བཞིན་བྱེད་སྒོའི་ལྟེ་གནས་དང་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཏེ་མང་ཚོགས་རྣམས་ཀྱིས་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ནས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།

ཞིང་པའི་དེབ་ཁང་ནང་དཔེ་དེབ་གསར་པ་མང་ལ་ལྟ་མཁན་ཡང་ཡང་སླེབས།ད་ཆ་སྒར་རྫོང་གིས་ཞིང་པའི(དགོན་སྡེ)དེབ་ཁང་20ཙམ་བསྐྲུན་ཞིང་།དེབ་ཁང་ནང་ཉེ་བར་བོད་ཡིག་དེབ་ཁྱོན་1000ལྷག་ཙམ་ཡོད་པ་དང་།ད་དུང་རྫོང་དེས་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ཞིང་པའི་དེབ་ཁང་གི་དབང་གྲགས་དང་སྤྱོད་ཚད་ཆེ་རུ་བཏང་བས་རྫོང་ཡོངས་ཀྱི་གོང་འོག་ཚང་མར“དཔེ་དེབ་ལྟ་བར་དགའ་བ།ཚགས་པར་ཀློག་པར་དགའ་བ།སློབ་སྦྱོང་བྱེད་པར་དགའ་བའི”སྤྱི་ཚོགས་ཀྱི་སྲོལ་བཟང་པོ་ཞིག་ཆགས་ཡོད་པ་རེད།

རིག་རྩལ་གྱི་དཔུང་ཁག་རྒྱུན་མི་ཆད་པ།སྒར་རྫོང་གིས་ཕྱོགས་བསྡུས་རིག་གནས་ས་ཚིགས་ལ་བརྟེན་ནས་གྲོང་ཚོ(གྲོང་ལྷན)མང་ཚོགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཏེ།གང་ལ་གང་མཐུན་གྱིས་སྲིད་འཛིན་གྲོང་ཚོ་གཞིར་བྱས་ནས་ལས་ཞོར་རིག་རྩལ་རུ་ཁག་དང་ལས་ཞོར་འཁྲབ་སྟོན་རུ་ཁག་བཙུགས་ཡོད།སོག་སྨད་གྲོང་ཚོ་དང་གློག་དམར་གྲོང་ཚོ་སོགས་ལས་ཞོར་འཁྲབ་སྟོན་རུ་ཁག་གི་འཁྲུག་ཆ་དོད་པའི་འཁྲབ་སྟོན་ལས་ཉེ་འཁོར་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།