མཚོ་ཆེན་གྱི་ཉེན་རྟོག་པས་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:23

2013ལོའི་ཟླ་11ཚེས་18ཉིན་གྱི་ཆུ་ཚོད་17ཙམ་དུ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཁག་ཏུ་མཚེ་རི་ཤང་གད་དམར་གྲོང་ཚོའི་ཙུའུ་གཉིས་པའི་གྲོང་མི་བཀྲ་ཆེ་གེ་མོའི་ཉེན་བརྡ་འབྱོར་བ་སྟེ།བཀྲ་ག་གེ་མོའི་ཁྱིམ་དུ་རྐུ་མ་ཤོར་བ་དང་ཁང་པའི་སྒོ་ལྕགས་བཅག་ནས་བོད་བཟོའི་ལྕགས་སྒམ་ནང་བླུགས་པའི་དངུལ་སྒོར་6800བརླག་ཡོད་པ་རེད།བཀྲ་ག་གེ་མོས་གྲོང་ཚོ་གཅིག་པ་ཡིན་པའི་ཚེ་ག་གེ་མོས་བརྐུས་པའི་དོགས་པ་བྱེད་པ་དང་འཕྲལ་དུ་མཚེ་རི་ཤང་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཤང་སྲིད་གཞུང་དང་གྲོང་ཚོ་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་འདུམ་འགྲིག་བྱ་རྒྱུའི་བསམ་བློ་འཁོར།ཡིན་ནའང་དོགས་ཡོད་མི་སྣ་མཚེ་རི་གྲོང་ཚོ་ནས་རྫོང་གྲོང་དུ་བསྐྱོད་པ་དང་རྐུ་རྒྱག་དངུལ་གྲངས་ཅུང་མང་བས་བཀྲ་ག་གེ་མོས་སྤྱི་བདེ་ལས་ཁུངས་སུ་ཉེན་བརྡ་སྐྱེལ་རྒྱུའི་སེམས་ཐག་བཅད་པ་དང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྱོད་དོན་ཐོ་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱ་རྒྱུའི་རེ་འདུན་ཞུས་པ་རེད།

ཉེན་བརྡ་འབྱོར་རྗེས་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཉེས་དོན་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་རྫོང་གྲོང་དུ་གྲལ་བཤེར་ནན་པོ་བྱས་པ་རེད།ཚེས་19ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་དང་སྐར་མ་བཅོ་ལྔའི་ཐོག་ཁམས་པའི་ཁྲོམ་རའི་ཇ་ཁང་ཞིག་ནང་རྒྱན་འཛུགས་བཞིན་པའི་ཚེ་ག་གེ་མོ་འཛིན་བཟུང་བྱས།སྐད་ཆ་དྲིས་པ་བརྒྱུད་ཉེས་གསོག་དོགས་ཅན་ཚེ་ག་གེ་མོས་2013ལོའི་ཟླ་10ཚེས་12ཉིན་མཚེ་རི་ཤང་གད་དམར་གྲོང་ཚོའི་བཀྲ་ག་གེ་མོའི་ཁྱིམ་ནས་དངུལ་སྒོར་6800བརྐུས་པ་ཁས་ལེན་བྱས་པ་དང་ས་ཆ་དེ་རང་དུ་ཁོས་བརྐུས་པའི་དངུལ་སྒོར་500 ཚུར་འཕྲོག་པ་དང་དངུལ་གཞན་དག་སྒོར་6300ཁོས་རྒྱན་འཛུགས་བྱས་ནས་ཤོར་ཡོད་པ་རེད།དེ་རྗེས་གྱོད་དོན་ཞིབ་དཔྱོད་མི་སྣས་ཁོ་བཀྲ་ག་གེ་མོའི་ཁྱིམ་དུ་འཁྲིད་པས་རྐུ་རྒྱག་བྱེད་ཡུལ་ནས་ཉེས་གསོག་ལག་ཆ་རྙེད་པ་དང་ཁོས་རྐུ་མ་གང་འདྲ་བརྐུས་པ་ངོས་ལེན་ཞུས་པ་རེད།

མིག་སྔར་གྱོད་དོན་དེའི་དངུལ་གྲངས་ཅུང་མང་བ་དང་དཔང་རྟགས་ཁུངས་བཙན་ཡོད་པས་ཉེས་གསོག་དོགས་ཅན་ཚེ་ག་གེ་མོ་འཛིན་བཟུང་བྱས་ནས་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།