མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:23

2013ལོ་ཚུན་དུ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་གསར་གཏོད་བྱེད་སྟངས་མང་པོ་སྤྱད་དེ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་པ་རེད།

མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡོངས་ཀྱི་གོང་འོག་ཚང་མར“ལྔ་དྲུག”ཁྲིམས་ལུགས་ཁྱབ་གདལ་དང་བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་བའི་བྱེད་སྒོའི་ཚ་རླབས་འཕྱུར་བ་བྱས་ཡོད།རྫོང་ཀྲུང་དབྱང(ཐད་གཏོགས)ཚན་པ་ཁག་དང་།ཤང་བཞི་དང་གྲོང་རྡལ་གཅིགདགོན་སྡེ་ཁག་བཅས་སུ་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་དང་འགྲན་བསྡུར་གྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་།བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་སྟེ།བཅའ་ཁྲིམས་ལས་ཁུངས་དང་།གྲོང་གསེབ།སྡེ་ཁུལ།སློབ་གྲྭཁེ་ལས།ཚན་པ།དགོན་སྡེ་བཅས་སུ་སྤེལ་བ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ཕྱོགས་ནས་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས“9·16”དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོ་དང“12·4”ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་སོགས་ཀྱི་དུས་ཚོད་སྤྱད་དེ་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་ཞིང་འབྲོག་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད།

ཞིང་འབྲོག་ཁུལ་དུ་བསྐྱོད་ནས“སྐྱེལ་བ་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་།མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཨུད་རྩ་འཛུགས་པུས་སྣེ་འཁྲིད་ནས་སྤེལ་བའི“དྲོ་སྐྱིད་སྦྱིན་པ་དང་།རིག་གནས་གཤམ་སྤེལ།ཁྲིམས་ལུགས་དང་སྲིད་ཇུས་དྲིལ་བསྒྲགས།སྨན་བཅོས་བྱེད་པ་དང་སྨན་སྤྲོད་པ”བཅས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་ཤང་བཞི་དང་གྲོང་རྡལ་གཅིག་གི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་དཀའ་ངལ་ཡོད་པའི་དུད་ཚང་ལ་འབྲུ་རིགས་དང་གྱོན་གོས་སོགས་འཚོ་བའི་མཁོ་ཆས་སྤྲོད་པ་དང་།ཞིང་འབྲོག་མང་ཚོགས་དང་ཉེ་བཅར་དང་།འཚོ་བ་དང་ཉེ་བཅར།དོན་དངོས་དང་ཉེ་བཅར་བཅས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་པ།རྩྭ་ཐང་བཅའ་ཁྲིམས་དང་།བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས།ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།གཉིས་ལྡན་དུད་སྦྲེལ་སོགས་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་དྲིལ་བསྒྲགས་བྱེད་པ།མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་དྲིལ་བསྒྲགས་བྱེད་པ།སྨན་ཁང་གི་སྨན་དོན་མི་སྣས་སྨན་རིན་མི་དགོས་པར་ཞིང་འབྲོག་པར་ནད་གཞི་བལྟ་བ་དང་རྒྱུན་ཐོན་ནད་གཞི་སྔོན་འགོག་སྨན་སྤྲོད་པ་བཅས་བྱས་པ་རེད།

ལས་ཡུལ་དུ་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་།མཚོ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱིས་བདེ་འཇགས་ལྟ་སྐུལ་ཅུས་དང་།སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་འཛུགས་སྐྲུན་ལས་ཡུལ་ཁག་ཏུ་བསྐྱོད་ནས་ལས་མིར་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུན་ཤེས་དང་།ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།འགན་བཅོལ་ཤེས་བྱ།“མ་རུངས་ཁོག་བཅུག་གིས་གླ་ཆ་འགྱངས་ཆད་ཀྱི་ཉེས་གསོག”སོགས་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་སྔོན་འགོག་ནུས་ལྡན་ཐུབ་པ་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་ཐོན་རྒྱུ་བཀག་འགོག་ཐུབ་ཁར་ཞིང་པ་ལས་མིས་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པས་རྒྱ་ཆེའི་ཞིང་པ་ལས་མིའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།