སེང་གེ་ཁ་འབབ་གྲོང་རྡལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-09-27 10:57:01

20180927103727.png

ལོ་40གོང་གི་སེང་གེ་ཁ་འབབ་གྲོང་རྡལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.5ཡང་ཟིན་གྱི་མེད་ལ་གྲོང་མི་500ཡང་མེད།  འགྲོ་ལམ་ཚང་མ་བྱེ་རྡོའི་ལམ་ཡིན་པ་དང་། གྲོང་མིའི་འཐུང་ཆུ་ནི་གཙང་པོ་ནས་ལེན་དགོས་པ།  མཚན་མོ་སྣུམ་སྒྲོན་སྤོར་དགོས་ཀྱི་ཡོད།  ལོ་40རིང་གི་འཕེལ་རྒྱས་བརྒྱུད་སེང་གེ་ཁ་འབབ་གྲོང་རྡལ་འདི་ཉིད་གཞུང་ལ་ལམ་9དང་འཕྲེད་ལ་ལམ་8ལྡན་པའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱས་པ་དང་།  གཞུང་ལས་སྒྲུབ་ཁུལ་དང་། གྲོང་མིའི་འཚོ་བའི་ཁུལ།  ཚོང་ལས་ཞབས་ཞུ་ཁུལ་བཅས་ལྡན་པའི་གྲོང་རྡལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་།  འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།