མངའ་རིས་སྤྱི་བདེ་ཁྲུས་ཆེད་སྒྲིག་ ལེ་ཚན《མིག་དཔེ》བལྟས་པ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་གྱི་གློག་རྡུལ་པར་མ།

| 2017-07-18 15:55:01

QQ截图20161201110354.png

མངའ་རིས་སྤྱི་བདེ་ཁྲུས་ཆེད་སྒྲིག་

ལེ་ཚན《མིག་དཔེ》བལྟས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མངའ་རིས་སྤྱི་བདེ་ཁྲུའུ་ཡིས་མི་དམངས་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཆེད་སྒྲིག་ལེ་ཚན《མིག་དཔེ》བལྟས་པ་དང་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་སློབ་སྦྱོང་ཚོགས་ཆེན་འཚོགས་པ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག《རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན》དང《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུ་གྲོལ་རྗེས་སློབ་གསོ་དང་ལྕག་སྐུལ་ཆེན་པོ་ཐེབས་པའི་མི་དམངས(ལས་རོགས)ཉེན་རྟོག་པ་ཚོས“མིག་དཔེར”བལྟས་ནས་ཚད་ལྡན་གྱི་ཏང་ཡོན་ཞིག་ཧུར་བརྩོན་ཆེན་པོས་བྱས་ཏེ་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ། མདུན་གྲལ་དུ་སླེབས་ཐུབ་པ་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་མངའ་རིས་ཀྱི་སྤྱི་བདེའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མིག་དཔེ་བསྟན་པ་དང་ཏང་དར་ལ་གཟི་བརྗིད་སྣོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།