རྩྭ་མདའ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-10-25 16:35:06

རྩྭ་མདའ་རྫོང་ནི་བོད་ཀྱི་ནུབ་ཕྱོགས་དང་གླང་ཆེན་ཁ་འབབ་རྒྱུག་ཁོངས་སུ་ཆགས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་24602ཡོད།

རྩྭ་མདའ་རྫོང་ཁོངས་སུ་གྲོང་རྡལ་1དང་ཤང་5ཡོད། 2003ལོར་རྫོང་དེར་མི་འབོར་ཁྲི་1ཡོད།

རྩྭ་མདའ་རྫོང་ནི་འབྲོག་ལས་གཙོ་བོར་གཉེར་བ་དང་ཞིང་འབྲོག་མཉམ་གཉེར་གྱི་རྫོང་ཞིག་རེད། འབྲི་གཡག་དང་། ལུག རྟ། བོང་བུ་ལ་སོགས་གསོ་ཚགས་བྱེད་ཀྱི་ཡོད། ཞིང་ལས་སྐྱེ་དངོས་ཀྱི་གྲས་སུ་ནས་དང་། གྲོ། ཡུག་པོ།

རྒྱ་བྲ། སྲན་རིགས། པད་ཁ་སོགས་ཚུད་ཡོད།

གཏེར་ཁའི་ཐོན་ཁུངས་གྲས་སུ་བྱེ་གསེར་དང་། ཆུ་ཤེལ་རྡོ། ཀེ་ལྕགས་གཏེར། ཟངས་སོགས་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་གྲས་སུ་དབྱི་དང་། གཟིག ཝ་མོ། གོང་མོ། སྤྱང་ཀི། འབྲོང་། རྐྱང་།

གངས་ལྷ་མེ་ཏོག ལྕ་རྒོད་ལ་སོགས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།