ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-05 10:32:27

QQ截图20190605103025.png

འདི་ག་ཚགས་པར་ཁང་དུ་འཕྱོངས་རྒྱས་ནས་གློག་འཕྲིན་འབྱོར་གསལ།  འདི་ལོ་ནས་བཟུང་འཕྱོངས་རྒྱས་རྫོང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ཐད“འབྱོར་ཕྱུག་སྟོབས་ལྡན་དང་ཞི་མཐུན་མཛེས་ལྡན”གྱི་འཕྱོངས་རྒྱས་གསར་པ་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་།  “གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་བྱེད་པར་ཚད་ལྡན་ལ་དམ་འཛིན་བྱེད་པ་དང་།  སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་བྱེད་པར་རྒྱ་སྐྱེད་ལ་དམ་འཛིན་བྱེད་པ།  སྤྱི་དབང་མིན་པའི་ཏང་འཛུགས་སྐྱོང་བྱེད་པར་སྒྲིག་འཛུགས་ལ་དམ་འཛིན་བྱེད་པ།  ཏང་ཡོན་དཔུང་ཁག་གི་འཐབ་ཕྱོགས་དང་པོར་དམ་འཛིན་བྱེད་པ”བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཡོངས་ལ་ཇུས་འགོད་བྱེད་པ་དང་།  བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས།  ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ“ཤང་དང་གྲོང་རྡལ་རེར་བཀྲག་མདངས་འཚེར་ས་རེའི”སྤུས་རྟགས་གཏོད་པའི་ལས་དོན་ལ་སླར་ཡང་སྐུལ་འདེད་བཏང་ཡོད་པ་རེད།

རྨང་གཞི་བརྟན་དུ་བཏང་ནས་དམག་འཐབ་མཁར་རྫོང་བརྟན་པོ་བཙུགས་པ།  གཞི་རིམ་རྩ་འཛུགས་ནི་ཏང་སེམས་དང་དམངས་འདོད་མཚོན་པའི་སྦྲེལ་ཐག་ལྟ་བུ་དང་སྲིད་ཇུས་ཁག་ལག་བསྟར་བྱེད་པའི“མཐའ་མའི་འགག་གནད”ཅིག་ཡིན་ལ།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་མདུན་མ་ཞིག་ཀྱང་རེད།  འཕྱོངས་རྒྱས་རྫོང་གིས་ཤང་དང་གྲོང་རྡལ་4ཡི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྒྱ་སྐྱེད་རྣམ་པའི་ཏང་ཀྲི་པུའུ་དང་རྫོང་གྲོང་ཁུལ་1གི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཏང་ཀྲི་པུའུ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའི་འཛུགས་སྐྱོང་ལས་དོན་ལེགས་སྒྲུབ་བྱས་ཡོད།  ཏང་ཡོན་འཕེལ་རྒྱས་ཀྱི་ལྷུ་ཚིགས་5དང་གོ་རིམ་25ལ་དམ་པོར་གཞིགས་ནས་ཏང་ནང་ཞུགས་པའི་འགག་སྒོ་ནན་པོ་བསྲུངས་ཡོད།

▲  འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།