པ་སྣམ་གྱི་ཀྭ་རིགས་དང་ཤིང་འབྲས་ལ་ཐོན་ལེགས་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-05 09:49:29

QQ截图20190605094542.png

ཉེ་བའི་ལོ་ཤས་རིང་།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ལྟེ་བར་བྱེད་པ་དང་ཉེ་འཁོར་ཤང་དང་གྲོང་རྡལ་གྱི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཁུལ་འདེགས་སྐྱོར་དུ་བྱས་ཏེ།  སྣོད་བཅུད་ལྗོངས་གཟིགས་དང་། བཀོག་འཐུ་མྱོང་ལེན།  ཡུལ་སྐོར་སྤྲོ་གསེང་བཅས་མཉམ་འདྲེས་ཀྱིས་ཀྭ་རིགས་དང་སྔོ་ཚལ་རིགས་ཀྱི་འདེབས་འཛུགས་གཞི་ཁྱོན་ཅན་དང་།  ཁྲོམ་ར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  ཉེ་ཆར་པ་སྣམ་རྫོང་གི་མུའུ་ཁྲི་1.46ཟིན་པའི་ཀྭ་རིགས་དང་། ཤིང་འབྲས།  སྔོ་ཚལ་བཅས་ལ་ཐོན་ལེགས་བྱུང་ཡོད།  མི་རིགས་ཁག་གི་མང་ཚོགས་ཚོས་རྫོང་གི་ཧྥང་ཏེང་ཐང་ཆེན་དུ་གླུ་ལེན་གར་འཁྲབ་བྱས་ཏེ་པ་སྣམ་རྫོང་གི་སྐབས་དགུ་པའི་ཀྭ་རིགས་དང་སྔོ་ཚལ་འཐུ་བའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་།  འདི་ནི་ཟླ་5ཚེས་28ཉིན་ས་གནས་དེ་གའི་ཞིང་འབྲོག་པས་པ་སྣམ་རྫོང་གི་ཧྥང་ཏེང་ཐང་ཆེན་དུ་ཤིས་ཀྭ་ཡི་བྲོ་བ་མྱོང་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།