མངའ་རིས་ས་ཁུལ་དུ་སྔོ་ཁེབས་ཁྱབ་རྒྱ་ཆེ་རུ་ཕྱིན་ནས་སྣོད་བཅུད་མ་ལག་རྒྱུན་མཐུད་ནས་བརྟན་པོ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-04-04 17:13:41

QQ截图20161103103717.png

ཉིན་ཤས་གོང་། བོད་ལྗོངས་ས་མཐོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་སུའོ་ཡི་རྒྱལ་ཁབ་རང་བྱུང་ཐེབས་རྩ་རྣམ་གྲངས《གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ན་ཁ་ཞན་འགྱུར་རྐྱེན་རྩ་ཞིབ་འཇུག》གི་གྲུབ་འབྲས་ལས། ད་ཕན་ལོ་ཤས་ནང་། མངའ་རིས་ས་ཁུལ་དུ་ཆ་སྙོམས་སྔོ་ཁེབས་ཁྱབ་ཚད་18.6%ཟིན་པ་དང་སྔོ་ཁེབས་ཁྱབ་ཚད་བརྟན་པོའམ་ཡང་ན་འགྱུར་ལྡོག་བྱུང་མེད་པའི་ས་ཁོངས་ཀྱིས་ས་ཁུལ་ཡོངས་ཀྱི་69%བཟུང་བ་དང་། ཞན་འགྱུར་ཕྲན་བུ་དང་ཞན་འགྱུར་མངོན་གསལ་དོད་རིགས་ཀྱིས་13.3%བཟུང་བ། ལེགས་སུ་ཕྲན་བུ་དང་ལེགས་སུ་མངོན་གསལ་དོད་པོ་འགྲོ་རིགས་ས་ཁོངས་ཀྱིས་13.2%བཟུང་ཡོད། མདོར་ན། མངའ་རིས་ས་ཁུལ་གྱི་སྔོ་ཁེབས་ཚད་ཅུང་བརྟན་པོ་ཡོད་པ་དང་ལྷག་དོན་དུ་2010ལོ་ནས་བཟུང་སྔོ་ཁེབས་སྐྱེ་འཚར་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། འདི་ནི་རུ་ཐོག་རྫོང་གི་མཚོ་མོ་ངང་ལྷའི་འདམ་ར་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།